680

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:41, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ཕྱི་ལོ ༡༧༧༠ ལོར་མདོ་ཁམས་སུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། ཡོངས་གྲགས་ཀྱི་བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། འཇམ་མགོན་བསྟན་པའི་ཉིན་བྱེད་ཡུན་རིང་བསྟེན། གསོ་བ་རིག་པའི་གཞུང་ལུགས་མང་པོར་ཕུལ་དུ་ཕྱིན་པ་མཛད། རབ་བྱུང་བཅུ་གསུམ་པའི་ས་བྱ་ཕྱི་ལོ ༡༧༨༩ ལོར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཉེ་འདབས་དབེན་པ་ཟླ་རིས་སུ་འཆི་མེད་ནོར་བུའི་ཕྲེང་བ་ཞེས་པའི་སྨན་སྦྱོར་སྐོར་གྱི་ལག་ལེན་ཚད་ཐུབ་ལྗགས་རྩོམ་མཛད། དེའི་བུ་ཡིག་གི་ཚུལ་དུ་ལྷན་ཐབས་སྙིང་གི་ནོར་བུ་ཞེས་པ་བརྩམས། འདས་ལོ་མི་གསལ།