695

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:41, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀརྨ་པ་དབང་ཕྱུག་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་མེ་འབྲུག་ཕྱི་ལོ ༡༥༥༦ ལོར་མདོ་ཁམས་ཏྲེ་སྨད་སྟག་བཟང་དུ་ཡབ་ཨ་རྡོར་དང་། ཡུམ་གླིང་བཟའ་མ་ལོད་གཉིས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ནམ་མཁའ་རྒྱལ་པོ་ཞེས་བཏགས། སྐུ་གོང་མའི་ཕྱག་ཆས་སོགས་ངོས་འཛིན་གནང་། མངོན་མཁྱེན་དང་རྫུ་འཕྲུལ་སོགས་བསྟན། བདུན་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་གཙུག་ཕུད་བཞེས། དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཅེས་མཚན་གསོལ། འཛམ་ཐང་དང་དབུས་སོགས་སུ་ཕེབས་ནས་ཆོས་བསྐོར། དབུས་སུ་ཕེབས་ལམ་གླིང་ཚང་གི་མགུ་ཟི་ལ་སྤྱན་འདྲེན་ཞབས་ཏོག་དང་། དྲན་ཐང་བརྒྱུད་དེ་ཀརྨར་ཕེབས། ཆབ་མདོར་ཞལ་ཐང་ལ་ཕྱག་ནས་གནང་བས་ཟུག་པ་དང་། གང་དུ་ཁྱེར་ཡང་མི་འདྲིལ་བར་བྱུང་། ལྷ་སྟེང་དང་ཟུར་མང་ཕྱོགས་སུ་ཕེབས། འབུལ་ཞབས་བསྙེན་བཀུར་མང་པོ་བྱུང་། བཅུ་པར་ཡངས་པ་ཅན་བརྒྱུད་དེ་མཚུར་ཕུའི་གདན་སར་ཕེབས། བཅུ་གཅིག་པར་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་པས་མཁན་པོ་མཛད་ནས་རབ་ཏུ་བྱུང་། སྡེ་པ་རིན་སྤུངས་པས་སྤྱན་འདྲེན་ཞུས། ཐུབ་སྐུ་ཁྱད་ཆོས་སུམ་ལྡན་དང་། དུང་དཀར་གཡས་འཁྱིལ་སོགས་འབུལ་ཆེན་མཛད། འབྲོང་བུ་དགོན་རྙིང་ཞིག་གསོ་དང་། མཚུར་ཕུའི་འདུ་ཁང་ཆེན་པོ་བསྐྱར་གསོ་མཛད། བཅུ་དྲུག་པར་སློབ་དཔོན་རྣམ་རྒྱལ་གྲགས་པ་ལས་མདོ་ཕྱོགས་རྣམས་ལ་ལེགས་པར་གསན། སྒོ་རབ་བརྟན་གྱི་གཙུག་ལག་ཁང་དང་། ཐར་གླིང་གྲྭ་ཚང་གི་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་བཅས་པ་བཞེངས། ཉེར་བཞི་པར་རྗེ་དཀོན་མཆོག་འབངས་ཀྱིས་མཁན་པོ་མཛད་ནས་བསྙེན་པར་རྫོགས། མདོར་ན་དབུས་གཙང་ཁམས་གསུམ་གྱི་དགོན་སྡེ་བསྐྱར་བཞེངས་དང་། དབང་ཁྲིད་གདམས་ངག་གནང་བ། ཡུལ་སྡེའི་འཁོན་རྩོད་བསྡུམས་པ་སོགས་འགྲོ་དོན་མཐའ་ཡས་པ་མཛད། རབ་བྱུང་བཅུ་པའི་ཆུ་ཡོས་ཕྱི་ལོ ༡༦༠༣ ལོར་སྐུ་གཤེགས། ཀརྨ་པ་སྐུ་ཕྲེང་དགུ་བ་ཡིན། གསུང་རྩོམ་ནི་མངོན་པ་མཛོད་ཀྱི་འགྲེལ་བ་སོགས་པོ་ཏི་བཅུ་སྐོར་བཞུགས། སློབ་མ་ནི་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། སི་ཏུ་ཆོས་ཀྱི་རྒྱལ་མཚན། དཔའ་བོ་གཙུག་ལག་རྒྱ་མཚོ། ཏྲེ་ཧོ་ལྷག་བསམ་རྒྱ་མཚོ། ཟུར་མང་ཀརྨ་ལེགས་བཤད་སྒྲ་དབྱངས། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་སོགས་མང་། མཚན་གཞན། ནམ་མཁའ་རྒྱལ་པོ་དང་། དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག

{{#arraymap:ཀརྨ་པ་དབང་ཕྱུག་རྡོ་རྗེ་

|; |@@@ | | }}