701

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:41, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀརྨ་པ་རང་བྱུང་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༢༨༤ ལོར་གཙང་སྟོད་སྐྱིད་གྲོང་འཕགས་པ་ཝ་ཏིའི་ལྷ་ཁང་གི་ལྷོ་ཕྱོགས་གངས་ཞུར་མོར་ཡབ་ཆོས་དཔལ་དང་། ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་མཇལ་བར་བྱོན། དགེ་བསྙེན་གྱི་སྡོམ་པ་ཞུས། གྲུབ་ཆེན་པའི་བླ་མས་གསང་མཚན་རང་བྱུང་རྡོ་རྗེ་ཞེས་པ་དེ་གནང་། བདུན་པ་ལྕགས་སྟག་ ༡༢༩༠ ལོར་ཁྲོ་ཕུ་བ་ཀུན་ལྡན་ཤེས་རབ་ཀྱིས་མཁན་པོ་མཛད་ནས་དགེ་ཚུལ་བསྒྲུབས། འདུལ་བའི་སྐོར་གྱི་ཆོས་རྣམས་གསན། གནས་བརྟན་གཞོན་ནུ་འབྱུང་བ་ལས་དགེ་སློང་གི་སྡོམ་པ་མནོས། སློབ་དཔོན་ཤེས་རབ་དཔལ་དང་། རྒྱ་སྒོམ་ཡེ་ཤེས། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ལས་བཀའ་བསྟན་འགྱུར་ཚད་ལ་གསན། ཀརྨ་པའི་གདན་སར་བྱོན། ཡུན་རིང་མ་བཞུགས་པར་ཀམ་པོ་གནས་ནང་དུ་ཕེབས། ཁམས་སུ་བྱོན་ནས་སོག་ཆུར་ལྕགས་ཟམ་བཙུགས། ཞེ་བརྒྱད་པར་གོང་མ་རྒྱལ་པོས་གདན་དྲངས་པ་ལྟར་རྒྱ་ནག་ཕོ་བྲང་ཆེན་པོར་ཕེབས། རྒྱལ་བུ་རཏྣ་ཤྲཱི་སོགས་ཀྱིས་བསུ་བ་རྒྱ་ཆེན་མཛད། རྒྱལ་བུ་འདས། དེའི་གཅེན་པོ་ཐོ་གན་ཐེ་མུར་རྩེའི་ཡུལ་ནས་གདན་དྲངས་ཏེ། རྒྱལ་བློན་འཁོར་དང་བཅས་པར་དབང་བསྐུར་ཆོས་བཤད་གནང་། ལྔ་བཅུ་པར་བོད་དུ་ཕེབས་ཁར་གོང་མས་ཚལ་པ་སི་ཏུ་དགེ་སྦྱོང་ཆེན་པོ་ལ་གོ་ཤྲཱིའི་མིང་དང་ཤེལ་ཐམ། མཚུར་ཕུ་དང་ཀརྨ་པ་སོགས་ལ་བདག་རྐྱེན་དང་བོད་སྤྱི་ལ་ཕན་པའི་འཇའ་ས་གསུམ། བསྟན་འགྱུར་བཞེངས་པའི་ཆ་རྐྱེན་སོགས་ཕུལ་ནས་བོད་དུ་ཕེབས། ང་གཅིག་པར་བོད་ཀྱི་ཆེད་དགུ་ཁག་ལ་རྒྱལ་པོའི་འཇའ་ས་གསུམ་བསྒྲགས། གསེར་དངུལ་ཞུན་མས་བསྟན་འགྱུར་པོ་ཏི་བརྒྱ་དང་དྲུག་ཅུ་བཞེངས། ང་གཉིས་པར་སླར་གོང་མའི་ཕོ་བྲང་དུ་ཕེབས། སྐབས་དེར་ས་གཡོས་ཆེན་པོ་བྱུང་དུས་ཁོང་དང་གོང་མ་གཉིས་ལྷན་དུ་བཞུགས་པས་སྐྱོན་མ་བྱུང་བར་གྲགས། པེ་ཅིན་གྱི་ནུབ་ཕྱོགས་སུ་ཀརྨ་པའི་དགོན་སྡེ་བཏབ། རབ་བྱུང་དྲུག་པའི་ས་ཡོས་ཕྱི་ལོ་ ༡༣༣༩ ལོར་རྒྱ་ནག་ཏུ་སྐུ་གཤེགས། ཀརྨ་ཞྭ་ནག་པ་སྐུ་འཕྲེང་གསུམ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་གྲགས་པ་སེང་གེ་དང་། མཁས་གྲུབ་གཡུང་སྟོན་པ། རྟ་སྣ་གོ་ཤྲཱི་ཀུན་རྒྱལ། ཚལ་པ་སི་ཏུ། གཡག་སྡེ་པཎ་ཆེན། ཀུན་མཁྱེན་དོལ་པོ་པ་སོགས་ཡིན། གསུང་རྩོམ་ནི་སྟོན་པའི་སྐྱེས་རབས་དང། ཟབ་མོ་ནང་དོན་གྱི་རྩ་འགྲེལ། རྩིས་ཀྱི་བསྟན་བཅོས་བཅས་པོད་གསུམ་དུ་བཞུགས།

{{#arraymap:ཀརྨ་པ་རང་བྱུང་རྡོ་རྗེ་

|; |@@@ | | }}