716

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:41, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀརྨ་ཚེ་དབང་བདེ་ཆེན་ (1)
Part of speech མིང་ཚིག
Definition ཁོང་ནི་བླ་ཁྱབ་དགོན་པའི་ངག་དབང་འཕྲིན་ལས་སྐུ་ཕྲེང་ལྔ་པ་ཡིན། རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ཕྱི་ལོ་ ༡༩༤༢ ལ་དགེ་རྒྱལ་བར་མ་དཔོན་ཚང་དུ་ཡབ་མཐུ་སྟོབས་མགོན་པོ་དང་ཡུམ་མཁའ་འགྲོ་དབྱངས་འཛོམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་ངུ་དུས་ནས་དམ་པའི་མཛད་སྤྱོད་མངའ་རྒྱལ་བ་ཡབ་སྲས་སོགས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་དང་གདམ་ཁྲིད་ཀྱི་སྐོར་མང་པོ་གསན་འཇམ་མགོན་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། སོར་བྱང་གི་བསླབ་པ་ལས་འདའ་བ་མེད་པར་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། སྔོན་རབས་ཀྱི་མཛད་པའི་འཕྲོ་སད་པས་བསྟན་འགྲོའི་དོན་ཁོ་ན་ཐུགས་ལ་འཆང་ཞིང་ཕྱིན་དྲུག་དང་བསྡུ་བཞིའི་སྤྱོད་པ་ལྷུར་ལེན་གནང་བ་ཞིག་ཏུ་གྱུར་ན་འང་བར་སྐབས་དུས་དབང་གིས་བསྟན་དགོན་ཉམས་ཉེས་གྱུར། མཆོག་སྤྲུལ་ཉིད་དགོང་གྲངས་བཅོ་བརྒྱད་ནས་སོ་བརྒྱད་བར་བཙོན་འཇུག་བྱས་ཕྱི་ལོ་ ༡༩༧༩ ལོར་ཁྲིམས་ཁང་ནས་ཐོན་ཕྱི་ལོ་ ༡༩༨༠ནས་ཕྱི་ལོ་ ༡༩༨༦ བར་རྫ་སྟོད་རྫོགས་ཆེན་དགོན་དུ་ཕྱི་ཡི་གཙུག་ལག་ཁང་ནང་གི་སྐུ་གསུང་ཐུགས་རྟེན་གསང་བ་བཀའ་རྙིང་རིས་མེད་སྒྲུབ་མཆོད་འདུ་འཚོགས་ཀྱི་སྒོ་མང་དུ་སྤེལ། དེ་ནས་བླ་ཁྱབ་དགོན་དུ་བྱོན་ནས་བསྟན་པའི་མེ་རོ་གསོས་ཏེ། རྫོང་གླིང་རི་ཁྲོད་སླར་གསོ་དང་སྒྲུབ་སྡེ་གསར་འཛུགས་བཅས་བསྟན་འགྲོའི་དོན་བཤད་སྒྲུབ་ཀྱི་སྡེ་གཙུགས། དགེ་རྒྱལ་བར་མ་དཔོན་ཚང་གི་ཡབ་གཞིས་ཀྱི་སར། མཆོག་སྤྲུལ་ཉིད་དང་རིགས་དབོན་ཀརྨ་སྒྲུབ་བརྒྱུད་སྐུ་མཆེད་བྱུང་ནས་ཐུགས་སྟོབས་ཆེ་བཞེས་འོག་ཤང་ཟོ་དགེ་དགོན་དཔལ་བདེ་ཆེན་ཆོས་འཁོར་གླིང་རྟེན་དང་བརྟེན་པ་བཅས་གསར་བཞེངས་དང་ཕྱི་ཡི་གཙུག་ལག་ནང་གི་སྐུ་གསུང་ཐུགས་རྟེན་གསང་བ་རིས་མེད་བཀའ་རྙིང་སྒྲུབ་མཆོད་འདུ་འཚོགས་ཀྱི་མཛད་བཟང་མཐའ་ཡས། རབ་བྱུང་བཅུ་བདུན་པའི་མེ་ཁྱི་ཕྱི་ལོ་ ༢༠༠༦ ལོ་རྟ་ཟླ་བའི་ཚེས་བརྒྱད་ཀྱི་དགོངས་མོ་ཟི་ལིང་དུ་་དགོང་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་ཏོ། །