764

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:42, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀྲང་ཀྱཱ་ཞབས་དྲུང་འཇམ་དབྱངས་སྐལ་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་གླང་ཕྱི་ལོ་ ༡༧༦༩ ལོར་མདོ་སྨད་དུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚོགས་ཆོས་འགྲིམས། བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ལ་ནང་བྱན་ཆུད་པར་སྦྱངས། རྡོ་རམས་པའི་མཚན་བཏགས་བཞེས། ཨུ་ཅི་མུ་ཆིན་ཤོག་ནས་གདན་དྲངས་པ་ལྟར་སྨད་དུ་སྔ་ཕྱི་ལན་གཉིས་ཕེབས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གདུལ་བྱ་ཡོངས་ཀྱི་རེ་བ་བསྐངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དང་རྒྱུད་པའི་ཁྲི་ལ་ཕེབས། འཆད་ཉན་དང་གཏོང་སྒོ་ལེགས་པར་མཛད། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་ཚོགས་མང་ལ་དངུལ་འགྱེད་སྲང་གཅིག་དང་ཞོ་ལྔ་རེ་ཕུལ། དགོན་བཀྲ་ཤིས་བདེ་ཆེན་གླིང་དུ་འདུ་ཁང་དང་། རྟེན་བརྟེན་པ་མང་དུ་བཞེངས། རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་ཕྱི་ལོ་ ༡༨༣༡ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་ཕེབས། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་ཕྱི་ལོ་ ༡༨༣༡ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་བཞི་པ་ཡིན།