862

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:44, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་ (1)
Part of speech མིང་ཚིག
Definition སྔར་བོད་ཀྱི་མཐའ་མཚམས་ཡུལ་དུ་སྤྱོད་ཅིང་བོད་རང་ལ་མཁོ་ཆུང་བའི་ཞལ་ལྕེ་སྟེ། ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་ནང་གསེས་ཤིག་ཡིན། གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་རྒྱས་བསྡུས་གཉིས་ཀྱི་རྒྱས་པའི་ནང་དུ་བཅུ་དྲུག་པ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་ཞེས་གྲངས་འདྲེན་ཙམ་གསལ་ཞིང༌། གསལ་བཤད་འགོ་འབུས་ཙམ་འཁོད་པ་ལྟར་ན། མཐའ་མཚམས་ཀྱི་ཡུལ་སྡེ་གནའ་རབས་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་ལུགས་སྲོལ་རྒྱུན་འཛིན་བྱེད་མཁན་ཁག་གཅིག་ནང་ལག་བསྟར་བྱ་སྲོལ་ཡོད་པའི་ཁྲིམས་ལུགས་ཤིག་ཡིན་པ་འདྲ།
Domain ཁྲིམས་ལུགས།