973

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:45, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ (1)
Part of speech མིང་ཚིག
Definition བོད་ཀྱི་བསྟན་པ་ཕྱི་དར་སྐབས་མཛད་རྗེས་ཆེ་བའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན། མཚན་དངོས་ཚུལ་ཁྲིམས་ཤེས་རབ་ཟེར། འཁྲུངས་ཡུལ་ནི་གླག་བ་ལམ་ཡིན། མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་དངོས་སློབ་གྲུམ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ་སྡོམ་པ་ཞུས། དབུས་སུ་སྡོམ་རྒྱུན་སྤེལ་བར་མཛད་པས་སློབ་བརྒྱུད་མང་དུ་འཕེལ་བ་ལས་བསྟན་པ་ཕྱི་དར་གྱི་དབུ་བརྙེས། རབ་བྱུང་དང་པོའི་གོང་གི་ས་བྱ་ཕྱི་ལོ་ ༡༠༠༩ ལ་དབུས་སྟོད་ལ་མོར་འགྱེལ་གྱི་གཙུག་ལག་ཁང་ཕྱག་བཏབ། བྲག་ཡེར་པར་བྱོན་ཏེ་དགེ་བཤེས་ཀླུ་མེས་འབྲོམ་ཆུང་གིས་སྦྱིན་བདག་བྱས་ཏེ་གནས་གཞི་ཐོག་མར་རྩིག་པའི་མིང་ལ་ཡེར་པ་བ་རང་དུ་ཐོགས། དེ་ནི་ཀླུ་མེས་ཚོ་པའི་གནས་གཞི་སྔ་ཤོས་དེ་ཡིན། དེ་ནས་སྡོམ་རྒྱུན་དང་བཤད་རྒྱུན་སྤེལ་བར་མཛད་པས་སློབ་བརྒྱུད་ཀ་བ་བཞི་དང༌། གདུང་བཞི། གྲལ་བུ་བཞི་ལ་སོགས་པ་མང་དུ་བྱུང༌། འཁྲུངས་ཡུལ་བ་ལམ་དུ་ཤ་ཚ་ལྷ་ཁང་བཞེངས། ཆུ་གླང་ཕྱི་ལོ་ ༡༠༡༣ ལ་བྲུམ་འབར་བ་བྱང་ཆུབ་ཀྱིས་མོང་མཁར་འབྲས་མོར་གདན་དྲངས་ཤིང༌། གདན་འདྲེན་དུ་ཡོང་མི་གཞོན་ནུ་རིན་ཆེན། གཉགས་ཡོན་ཏན་སྙིང་པོ། མཆིམས་ལྷུན་གྲུབ་རྒྱལ་མཚན། བཙུན་པ་མཆོག་བུ་བཞིས་ཀླུ་མེས་ཀྱི་དྲུང་ནས་སྡོམ་པ་ཞུས། ཀ་ཆུའི་ལྷ་ཁང་ཉམས་གསོ་བྱས་ཏེ་ཀ་ཆུར་གནས་གཞི་བཟུང༌། ཀླུ་མེས་ཀྱིས་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་ལ་ཉམས་གསོ་ལེགས་པར་མཛད། སྐུ་ཚེའི་སྨད་དུ་གྲ་ཐང་དུ་ཡོད་པའི་སྔགས་སྡེ་དང་ཀླུ་མེས་ཀྱི་སྡེ་བར་ལ་འཁྲུགས་རྩོད་བྱུང་བའི་ནང་ཀླུ་མེས་ཀྱི་སྡེ་ལ་རྒྱལ་ཁ་ཐོབ་པར་བརྟེན། སྔགས་པ་རྣམས་ཀྱིས་ཞེ་ནད་མ་ཁྱོག་པར་མཐུ་གཏད་བྱས་པའི་རྐྱེན་གྱིས་ཀླུ་མེས་ཆེན་པོ་དང་ཁོང་གི་སློབ་མ་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་གཉིས་ཀར་མཛེ་ནད་བྱུང་སྟེ་སྐུ་གཤེགས། སྐུ་གདུང་སྤུར་བཞུ་མ་བྱས་པར་དམར་གདུང་ཉམས་མེད་དུ་ཐང་པོ་ཆེའི་མཆོད་རྟེན་འོད་འབར་གྱི་ནང་དུ་བཞུགས།