974

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:45, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་དབུས་ཤ་ཚར་དུ་འཁྲུངས། གཞོན་དུས་སུ་མདོ་སྨད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། གྲུམ་ཡེ་ཤེས་རྒྱལ་མཚན་ལས་འདུལ་བ་གསན། དབུས་གཙང་དུ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་སོགས་ཞིག་གསོས་མཛད། དབུ་རུར་ལ་མོ་ཆག་དེའུ་བཏབ་པ་དང་། མི་ཆོས་ཀྱི་ས་ཁུལ་དུ་བ་ལམ་གནས་བརྩིགས། མོར་འགྱེལ་བརྩིགས་ཤིང་སློབ་བུ་བསྐྱངས། སློབ་མ་གྲགས་ཆེ་བ་ལ་ཀ་བ་བཞི་སྟེ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་དང་། རྔོག་བྱང་ཆུབ་འབྱུང་གནས། གླན་ཡེ་ཤེས་ཤེས་རབ། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་བཅས་ཡིན། བསྟན་པ་ཕྱི་དར་གྱི་སྐབས་སུ་གྲགས་ཆེ་བའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན།