1115
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁ་ཆེ་དང་། བལ་ཡལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་བཅས་ལ་སློབ་གཉེར་ལེགས་པར་མཛད་པའི་ལོ་ཙཱ་བ་ཞིག་ཡིན། བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར། བསྒྱུར་རྩོམ་ནི་བཀའ་འགྱུར་ལས། སེང་གེ་སྒྲའི་དམ་བཅས་པའི་གཟུངས་དང་། བསྟན་འགྱུར་ལས་ཡི་གེ་བདུན་པའི་སྒྲུབ་ཐབས་སླད་ནས་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱ་བ། བྱང་ཆུབ་ཀྱི་སེམས་བསྒོམ་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ། མཚན་བརྗོད་འགྲེལ་བ་བར་པའི་སྐོར་གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མ་བཅས་བཞུགས། |