1125

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀློང་ཆེན་མཛོད་བདུན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པར་སྔ་འགྱུར་རྙིང་མའི་མཁས་པ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་མཛད་པའི་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སྔ་འགྱུར་རྙིང་མའི་ལྟ་གྲུབ་གསལ་བར་བྱེད་པའི་བསྟན་བཅོས་བདུན་ཏེ། ༡ ཐེག་པ་དང་གྲུབ་མཐའ་སྤྱིའི་གནད་སྟོན་པ། ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ཉེར་གཉིས་ཅན། ༢ ནང་པའི་མདོ་དང་སྔགས་ཀྱི་གྲུབ་མཐའ་གསར་རྙིང་གི་བཞེད་སྲོལ་བཅས་རྒྱ་ཆེར་བསྟན་པ་གྲུབ་མཐའ་མཛོད་ལེའུ་བརྒྱད་ཅན། ༣ ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པའི་རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ཡེ་སངས་རྒྱས་པའི་དགོངས་དོན་རྗེན་པར་སྟོན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་ཅན། ༤ རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེའི་རྒྱུད་བཅུ་བདུན་དང༌། མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་སྟོན་པ་སྐུ་གསུམ་གྱི་བྱུང་ཚུལ་ནས་ལྷུན་གྲུབ་འབྲས་བུའི་རྣམ་བཞག་ལ་ཐུག་གི་བར་རིམ་ཁང་ཉི་ཤུ་རྩ་ལྔས་རྒྱས་པར་བཤད་པ་ཐེག་མཆོག་མཛོད། ༥ གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ་ནས། མཐར་ཐུག་འབྲས་བུའི་གྲོལ་ས་ཆེན་པོ་ལ་ཐུག་གི་བར་གྱི་རྡོ་རྗེའི་གནས་བཅུ་གཅིག་ཏུ་བསྟན་པ་ཚིག་དོན་རིན་པོ་ཆེའི་མཛོད་དམ་འོད་གསལ་མཛོད། ༦ ཐེག་པ་འོག་མ་པའི་སྤང་བླང་བྱ་རྩོལ་གྱི་གཟེབ་ལས་གྲོལ་བའི་གཉུག་མ་དེ་ཁོ་ན་ཉིད་ཀྱི་དོན་ལྷུག་པར་བསྟན་པ་རྡོ་རྗེའི་དོ་ཧ་ཆེན་མོ་མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་སྟེ། འོད་གསལ་རྡོ་རྗེ་རྩེ་མོའི་རང་ལུགས་ཀྱི་དམ་ཚིག་གི་མདོ་ཆིངས་ཆེན་པོ་བཞིའི་ཆིངས་སུ་བཅིངས་ཤིང༌། རྡོ་རྗེའི་གནས་ཆེན་པོ་བཅུ་དྲུག་གི་རྣམ་པར་བསྟན་པ་རྩ་བ་ལེའུ་ལྔ་པ་གནས་ལུགས་མཛོད། ༧ བསླབ་བྱ་དང་གདམས་པ་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་ཉམས་ལེན་གནད་འགག་དྲིལ་ནས་སྐལ་བཟང་རྣམས་ལ་ཞལ་གདམས་སུ་སྤེལ་བ། ཐམས་ཅད་དྲུག་ཚན་རེ་རེའི་ཆིངས་སུ་བསྟན་པ། དེ་རེ་རེ་ལའང་བསམ་ན་དོན་རྒྱ་ཆེན་པོ་འདུས་ཤིང་སེམས་ལ་འཆང་བའི་མན་ངག་ཏུ་གྱུར་པས་ཡོན་ཏན་རིན་པོ་ཆེའི་གཏེར་དང་ལྡན་པ་མན་ངག་མཛོད་རྣམས་སོ། །