1274
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེང་སྐབས་རྒྱ་གར་བྱང་རྒྱུད་ཀྱི་མངའ་སྡེ་ཞིག་གི་མིང། ཡུལ་དེར་སྔོན་ཆད་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར། བོད་ཀྱི་ལོ་ཙཱ་བ་མང་པོ་དེར་ཕེབས་ནས་སློབ་གཉེར་གནང་བ་དང། ཡུལ་དེའི་ནང་པའི་པཎ་ཆེན་མང་པོ་བོད་དུ་ཕེབས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་ཞེས་པའི་སློབ་དཔོན་གྲགས་ཅན་དེ་ཡང་ཡུལ་དེ་ནས་བོད་དུ་ཕེབས་པ་ཡིན། དགྲ་བཅོམ་པ་ཉི་མ་གུང་བ་ལ་ཀླུ་རྣམས་ཀྱིས་ཕུལ་བར་གྲགས་པའི་ཁ་ཆེ་ཤ་ཀམ་མ་ཟེར་བའི་སྨན་དེ་ཡང་ཡུལ་དེ་ནས་ཐོན་གྱི་ཡོད། ཕྱིས་སུ་ཡུལ་འདིར་ཨི་ཟི་ལམ་གྱི་ཆོས་ལུགས་ཤུགས་ཆེར་དར་བས་བོད་སྐད་དུ་ཆོས་ལུགས་དེ་ལ་ཁ་ཆེའི་ཆོས་ཞེས་འབོད་པ་བྱུང། |
| Foreign | རྒྱ་གར། |