1549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། བོད་རབ་བཅུ་དྲུག་པ་ཕྱི་ལོ་ ༡༩༤༢ ལོར་མདོ་སྨད་ཐེ་བོ་སྟག་མོའི་སྒང་དུ་ཡབ་ཚེ་དཔག་སྐྱབས་སམ་ཨ་ཚེ་དང༌། ཡུམ་ཨུ་རྒྱན་འཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། མེ་ཁྱི་ཕྱི་ལོ་ ༡༩༤༦ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་དང་། རྗེ་འཇིགས་མེད་རྡོ་རྗེ་འཆང་སོགས་ཀྱིས་ཀིརྟི་སྐུ་ཕྲེང་བཅུ་པ་ངག་གི་དབང་པོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ཞེས་གསོལ། མེ་ཕག་ཕྱི་ལོ་ ༡༩༤༧ ལོར་གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཁྲི་འདོན་མཛད། སྐུ་གོང་མའི་རྒྱལ་ཚབ་མགོན་པོ་ཀླུ་སྒྲུབ་ཚང་ཡོངས་འཛིན་བགྲེས་པ་དང༌། མཁས་པའི་དབང་པོ་རྗེ་དཀོན་མཆོག་ཤེས་རབ་དཔལ་བཟང་པོ་མཆོག་ཡོངས་འཛིན་གཞོན་པར་བསྟེན་ནས་སྐུ་ཡོན་གསན་བཞེས་ཀྱི་དབུ་ཚུགས། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་པར་མཚན་ཉིད་ཀྱི་རྩོད་གྲྭ་གསར་འཛུགས་གནང༌། ས་བྱི་ཕྱི་ལོ་ ༡༩༤༨ ལོར་ཡོངས་འཛིན་མགོན་པོ་ཀླུ་སྒྲུབ་ཚང་གི་ཞལ་སྔ་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་ཤིང་། ད་ལྟ་བསྟན་འགྲོའི་མགོན་དུ་སྐུ་འཚོ་ཞིང་གཞེས་པ་བཅས། |
| Synonyms | ཀིརྟི་རིན་པོ་ཆེ། ཀིརྟི་བློ་བཟང་བསྟན་འཛིན། རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ། |