1553

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:52, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ས་བྱ། ཕྱི་ལོ་ ༡༨༤༩ ལོར་མཚོ་སྔོན་རྩེ་གཞུང་དུ་ཡབ་གཏེར་སྟོན་བདེ་ཆེན་རྡོ་རྗེ་དང་ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུ་གླང༌། ཕྱི་ལོ་ ༡༨༥༣ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་མཆོག་གིས་སྐྱབས་མགོན་ཀིརྟི་སྐུ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་དེ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ཞེས་པའི་མཚན་གསོལ། ཤིང་སྟག ཕྱི་ལོ་ ༡༨༥༤ ལོར་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཁྲི་འདོན་མཛད། རྡོ་རྗེ་འཆང་དཀོན་མཆོག་སྨོན་ལམ་དང་ཐུབ་བསྟན་མཐའ་ཡས་ཚང་ཡོངས་འཛིན་དུ་བསྟེན། རྗེ་དཀོན་མཆོག་སྨོན་ལམ་ཚང་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ས་ལུག ཕྱི་ལོ་ ༡༨༥༩ ལོར་ཧོར་ཚང་ཀིརྟི་དགོན་དུ་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་། ས་འབྲུག ཕྱི་ལོ་ ༡༨༦༨ ལོར་ཏཱ་རོ་འཇམ་དབྱངས་ཀྱིས་རྒྱལ་རོང་ཚོ་བདུན་དགོན་པ་རྗེ་འདི་ཉིད་ལ་ཕུལ། ལྕགས་རྟ། ཕྱི་ལོ་ ༡༨༧༠ ལོར་རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་བཏབ། ཆུ་སྤྲེལ། ༡༨༧༢ ལོར་ཁུ་ཞང་ངག་དབང་ཆོས་འཕེལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཆུ་བྱ། ཕྱི་ལོ་ ༡༨༧༣ ལོར་རྔ་ཡུལ་ཀིརྟིའི་དགོན་དུ་མཚན་ཉིད་གྲྭ་ཚང་གསར་འཛུགས་མཛད། ལྕགས་ཡོས། ཕྱི་ལོ་༡༨༩༡ ལོར་ཧོར་ཚང་ཀིརྟིའི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་མཚན་ཉིད་གསར་འཛུགས་མཛད། ཤིང་ལུག ཕྱི་ལོ་ ༡༨༩༥ ལོར་མཛོད་དགེའི་དམར་མོ་ཐང་དུ་ཤིང་བཟའ་རྡོ་རྗེ་འཆང་ལས་དུས་འཁོར་དབང་ཆེན་གསན ། མེ་སྤྲེལ། ཕྱི་ལོ་ ༡༨༩༦ ལོར་རྔ་བ་ཀིརྟིའི་དགོན་དུ་གསང་སྔགས་རྒྱུད་པ་གྲྭ་ཚང་དང་སྟག་ཚང་ལྷ་མོར་དུས་འཁོར་གྲྭ་ཚང་གསར་འཛུགས་གནང་། མེ་བྱ། ཕྱི་ལོ་ ༡༨༩༧ ལོར་གདན་ས་སྟག་ཚང་ལྷ་མོར་དུས་འཁོར་དབང་ཆེན་ཐོག་མ་གནང་བས་མཚོན་མདོ་སྨད་ལྷོ་བྱང་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྐབས་དེའི་མདོ་སྨད་ཡུལ་གྱི་བླ་སྤྲུལ་དགེ་བཤེས་དང་མི་དྲག་སྡེ་དཔོན་སོགས་ དྲག་ཞན་ཕལ་མོ་ཆེས་གཙུག་ཏུ་བཀུར་ཏེ་ཆོས་སྲིད་གཉིས་ཆ་ནས་མཚན་སྙན་ཤིན་ཏུ་རྒྱས། མཐར་དགུང་ལོ་ང་བདུན་བཞེས་པ། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ། ཕྱི་ལོ་ ༡༩༠༥ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གསུང་འབུམ་པོད་བཅུ་གཉིས་བཞུགས།
Synonyms ཀིརྟི་བློ་བཟང་འཕྲིན་ལས། སྐྱབས་མགོན་བློ་བཟང་འཕྲིན་ལས། ཀུན་གཟིགས་བློ་བཟང་འཕྲིན་ལས། ཡབ་རྗེ་བློ་བཟང་འཕྲིན་ལས། རྗེ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ། ཀིརྟི་མཁས་ཆེན་ཚང་།