1554

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:52, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀིརྟི་སྐུ་ཕྲེང་རིམ་བྱོན་ (1)
Part of speech མིང་ཚིག
Definition ༡ སྐུ་ཕྲེང་དང་པོ། རོང་ཆེན་དགེ་འདུན་རྒྱལ་མཚན། མཚན་གཞན་ལ་རོང་པོ་ལྕེ་ནག་པ། རོང་ཆེན་ལྗགས་ནག་པ། དྲུང་ཆེན་དགེ་འདུན་རྒྱལ་མཚན་ཞེས་ཞུ། ༢ སྐུ་ཕྲེང་གཉིས་པ། ཀིརྟི་བསྟན་པ་རིན་ཆེན། མཚན་གཞན་ལ་གྲུབ་དབང་བསྟན་པ་རིན་ཆེན། བསྟན་པ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་ཞེས་ཞུ། ༣ སྐུ་ཕྲེང་གསུམ་པ། ཀིརྟི་བསྟན་པ་རབ་རྒྱས། མཚན་གཞན་ལ་འགྲོ་མགོན་བསྟན་པ་རབ་རྒྱས། བློ་བཟང་བསྟན་པ་རབ་རྒྱས་ཞུ། ༤ སྐུ་ཕྲེང་བཞི་པ། ཐོགས་མེད་བློ་བཟང་འཇམ་དབྱངས། ༥ སྐུ་ཕྲེང་ལྔ་པ། ཀིརྟི་བསྟན་པའི་རྒྱལ་མཚན། མཚན་གཞན་ལ་གྲུབ་དབང་བསྟན་པའི་རྒྱལ་མཚན། བློ་བཟང་བསྟན་པའི་རྒྱལ་མཚན། ཀིརྟི་ཐོགས་མེད། རོང་སྨྱོན་མི་བསྐྱོད་རྡོ་རྗེ། གྲུབ་དབང་བུདྡྷ་རྡོ་རྗེ་ཞེས་ཞུ། ༦ སྐུ་ཕྲེང་དྲུག་པ། དགེ་འདུན་ཆོས་ཀྱི་དབང་ཕྱུག ༧ སྐུ་ཕྲེང་བདུན་པ། སྐྱབས་མཆོག་ཐུབ་བསྟན་ཉི་མ། མཚན་གཞན་ལ་རྗེ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ། ༨ སྐུ་ཕྲེང་བརྒྱད་པ། ཀིརྟི་བློ་བཟང་འཕྲིན་ལས། མཚན་གཞན་ལ་སྐྱབས་མགོན་བློ་བཟང་འཕྲིན་ལས། ཀུན་གཟིགས་བློ་བཟང་འཕྲིན་ལས། ཡབ་རྗེ་བློ་བཟང་འཕྲིན་ལས། རྗེ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ། ཀིརྟི་མཁས་ཆེན་ཚང་ཞེས་ཞུ། ༩ སྐུ་ཕྲེང་དགུ་པ། སྐྱབས་མགོན་སྐལ་བཟང་བློ་གྲོས། མཚན་གཞན་ལ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་ཞེས་ཞུ། ༡༠ སྐུ་ཕྲེང་བཅུ་པ། སྐྱབས་མགོན་ངག་གི་དབང་པོ། མཚན་གཞན་ལ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་ཞེས་ཞུ། ༡༡ སྐུ་ཕྲེང་བཅུ་པ། ཀིརྟི་བློ་བཟང་བསྟན་འཛིན། མཚན་གཞན་ལ་རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ཞེས་ཞུ།