1556
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀིརྟིའི་དབོན་པོ་ནི་ཀིརྟིའི་བླ་བྲང་གི་ཕྱག་མཛོད་མིན་པར་ཀིརྟིའི་བླ་བྲང་གི་འཛིན་སྐྱོང་གི་བདག་པོའམ་སྐུ་དབང་ཆེ་ཤོས་ཀྱི་དཔོན་རིགས་ཤིག་ཡིན། མདོ་སྨད་ལྷོ་རྒྱུད་དུ་བླ་མ་འགའ་ཤས་ཀྱི་ཕྱག་མཛོད་ལ་དབོན་པོ་ཟེར་མཁན་ཡོད་ནའང་ཀིརྟིའི་དབོན་པོའི་འོག་ཏུ་ཕྱག་མཛོད་ཟེར་བའི་གོ་གནས་དང་ལས་བྱེད་ལོགས་སུ་ཡོད་པས་འདི་གཉིས་མི་འདྲ། འདིར་ཀིརྟི་སྐུ་ཕྲེང་གཉིས་པ་ནས་བཅུ་གཅིག་པའི་སྐབས་བར་གྱི་ཀིརྟིའི་དབོན་རབས་གང་ངེས་ཤིག་བཀོད་ན། ༡ ཉེ་གནས་རིན་ཆེན་རྡོ་རྗེ། ༢ ཀིརྟིའི་དབོན་པོ་བསྟན་པ་རྒྱལ་མཚན། ༣ ཀིརྟིའི་དབོན་པོ་བསྟན་པ་དར་རྒྱས། ༤ ཀིརྟིའི་དབོན་པོ་ཕྱག་མཛོད་བསྟན་འཛིན། ༥ ཀིརྟིའི་དབོན་པོ་རབ་འབྱམས་པ་འཇམ་དབྱངས་དོན་ཡོད་རྒྱ་མཚོ། ༦ ཀིརྟིའི་དབོན་པོ་ཕྱག་མཛོད་གྲུབ་ཐོབ་ཚང༌། སྐབས་འདིར་དབོན་པོ་བསམ་གཏན་རྒྱ་མཚོ་ཞེས་པ་ཞིག་ཡོད་པ་ནི་ཕྱག་མཛོད་གྲུབ་ཐོབ་ཚང་གི་མཚན་གྱི་རྣམ་གྲངས་ཡིན་ནམ་དཔྱད་གཞི། ༧ ཀིརྟིའི་དབོན་པོ་རྒྱལ་མཚན། ༨ ཀིརྟིའི་དབོན་རྒན་ཤེས་རབ། ༩ འདིའི་བར་དུ་ཕྱག་མཛོད་རྒྱལ་མཚན་ཟེར་བའི་ཀིརྟིའི་དབོན་པོ་ཞིག་བྱུང་ཡོད་དམ་སྙམ་པ་དཔྱད་གཞི། ༡༠ ཀིརྟིའི་དབོན་རྒན་དཀོན་མཆོག་འཇིགས་མེད། ༡༡ ཀིརྟིའི་དབོན་པོ་ཆོས་འཕེལ། ༡༢ ཀིརྟིའི་དབོན་པོ་ཤེས་རབ། ༡༣ ཀིརྟིའི་དབོན་པོ་བཤད་སྒྲུབ་རྒྱལ་མཚན། ༡༤ ཀིརྟིའི་དབོན་པོ་འཇམ་དབྱངས་བསོད་ནམས། ༡༥ ཀིརྟིའི་དབོན་པོ་དགེ་ལེགས་རྒྱ་མཚོ། ༡༦ ཀིརྟིའི་དབོན་པོ་ཆུང་བ་འཇིགས་མེད་ཆོས་འཕེལ་བཅས། |