1704

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:55, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུ་རུ་ཀུལླེའི་ཁྲིད་ (1)
Part of speech མིང་ཚིག
Definition སྔགས། ཇོ་ནང་། ཀུ་རུ་ཀུལླེའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་དགུ་པ་ཡིན། བརྗོད་བྱ་ནི། ཀུ་རུ་ཀུལླེའི་བསྐྱེད་བཟླས་དང་། རྩ་རླུང་ཐིག་ལེའི་རྣལ་འབྱོར། བསྒྲུབ་བྱའི་ཚེ་དཔལ་བསྐྱེད་པའི་དམིགས་རིམ་རྣམས་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། བཅོམ་ལྡན་བདག་མེད་མ་དང་བི་རཱུ་པ། །གྲུབ་ཆེན་ནག་པོ་བ་དང་བི་ལཱ་ས། །ཤཱི་ལ་ཙནྡྲ་དཱ་ན་ཤཱི་ལ་དང་། །ས་པཎ་འཕགས་པ་ཞང་དང་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཤར་ཆེན་ཡེ་རྒྱམ་ངོར་ཆེན་ཀུན་དགའ་བཟང་། །གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་ཞབས། །ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གཅེེས་བཏུས་ནང་ནས་བཏུས་སོ། །ཞེས་བྱུང་། །
Domain ཆོས་ལུགས།

{{#arraymap:ཀུ་རུ་ཀུལླེའི་ཁྲིད་

|; |@@@ | | }}