1733

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:55, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུ་ལུང་རོང་དགོན་ (1)
Part of speech མིང་ཚིག
Definition ཉག་རོང་ཀུ་ལུང་ཞེས་པའི་ས་ཆར་ལྕགས་བླ་ནོར་བུས་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ལོ་ལ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བཞེངས། འགྱུར་མེད་ཚེ་དབང་མཆོག་གྲུབ་གདན་དྲངས། ཁོང་གིས་རབ་གནས་མཛད་ཅིང་མཚན་གསང་སྔགས་བསྟན་རྒྱས་གླིང་གསོལ། དེ་དུས་བླ་སེར་བཅོ་བརྒྱད་ཙམ་ཡོད། ཀློང་གསལ་ཡེ་ཤེས་རབ་འབར་གྱི་སྒྲུབ་མཆོད་དང་། མ་ཎི་དུང་སྒྲུབ། སྨྱུང་གནས་ཆ་བརྒྱད་སོགས་སྒྲུབ་པའི་ཕྱག་བཞེས་གནང་། དེ་རྗེས་མཚོ་ཕུ་དྷརྨ་བཛྲ་དགོན་འདིར་བྱོན་ཏེ་དབང་ལུང་གནང་ནས་ཁྲོ་ཟུར་ཚེ་བདག་གཏོར་ཟློག་འཆམ་བཅས་བཙུགས། གཞན་ཡང་དགུ་གཏོར་བཀའ་བརྒྱད་དང་བདུད་ཕུར་གྱི་སྒྲུབ་མཆོད་བཙུགས། དྲུག་བསྟོད་མཁན་པོ་འཇམ་དབྱངས་བྱོན་ནས་དབྱར་གནས་བཙུགས་ཏེ་སྡོམ་གསུམ་ཁྲིད་གནང་། དགོན་འདིར་གེ་བླ་ཚང་བླ་རབས་དྲུག་དང་། མགར་བ་ཚང་བླ་རབས་གསུམ་སོགས་ཀྱིས་བསྐྱངས། སྐུ་རྟེན་གསེར་སྐུ་ལི་མ་ཆེ་ཆུང་ཉི་ཤུ་ཙམ་དང་གཏེར་མ་བཅུ། ཐང་སྐུ་གསེར་བྲིས་མ་བརྒྱད་ཅུ། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ་གཅིག་དང་། རྙིང་རྒྱུད་གཅིག རྡོ་གྲུབ་བཀའ་འབུམ་གཅིག བདུད་ཀློང་ཆོས་གཏེར་བཅས་པོད་ལྔ་བརྒྱ་ཙམ་ཡོད། འོན་ཀྱང་དེ་ཐམས་ཅད་དུས་འགྱུར་སྐབས་མིང་ཙམ་དུ་བྱས། དེང་སྐབས་ཡང་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་བྱས། སྒྲུབ་མཆོད་ཐོས་གྲོལ། སྨྱུང་གནས་ཆ་བཞི། ཚེས་བཅུ་འཆམ་བཅས་འཚོགས་བཞིན་ཡོད། ད་ལྟ་ཡོད་པའི་རྟེན་གསུམ་ནི་གསེར་སྐུ་གངས་ཆེན་མཚོ་ལི་མ་ཡོངས་གྲགས་གཅིག་དང་། ཐུབ་པ་ལི་མ་ཆེ་བ་གཅིག ཐང་ག་ལྔ་བཅས་བཞུགས། བཀའ་འགྱུར་ཆ་ཚང་གཉིས་དང་བསྟན་འགྱུར་ཆ་ཚང་གཅིག སྙིང་ཐིག་ཆོས་སྐོར་པོད་སུམ་ཅུ་ཙམ། འཇིགས་གླིང་བཀའ་འབུམ། མི་ཕམ་བཀའ་འབུམ་སོགས་བཞུགས། ཆོས་བརྒྱུད་སྔ་འགྱུར་ཀཿ་ཐོག་པ་ཡིན།