1810

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:57, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་གཞི་རྣམ་པར་ཤེས་པའི་དོན་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཀུན་གཞི་རྣམ་པར་ཤེས་པའི་དོན་བཞི་ནི། གཞི་མེད་པ་དང་། རྩ་བ་མེད་པ་དང་། ཐོག་མ་མེད་པ་དང་། སྐད་ཅིག་མ་ཡིན་པ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཀུན་གཞི་རྣམ་པར་ཤེས་པའི་དོན་བཞི་པོ། གཞི་མེད་པ་དང་། རྩ་བ་མེད་པ་དང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཡིན་པ་དང་། ཀུན་གཞི་རྒྱུན་གྱི་སྐད་ཅིག་མ་ཡིན་པ་དང་། དེ་ནམ་མཁའ་ལ་ཉི་ཟླ་གནས་པའི་གཞི་མེད་པ་ལྟར་ཀུན་གཞི་ལ་རྟེན་དབང་པོ་མེད་པ་དང་། ཤིང་ལྗོན་པའི་རྩ་བ་གཞན་ལ་མི་བརྟེན་པ་ལྟར་ཀུན་གཞི་རྩ་བ་ཚོགས་དྲུག་གཞན་ལ་མི་བརྟེན་པ་དང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཀྱི་རྒྱུ་ཡིན་པ་དང་། བག་ཆགས་ཀུན་གྱི་སྐད་ཅིག་མ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]