1843

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:57, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་ཏུ་ཐ་སྙད་པའི་ཚད་མ་ (1)
Part of speech མིང་ཚིག
Definition མདོ། ཚད་མ། རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་ཡིན་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར། འོ་ན་རང་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ནམ་ཞེ་ན། ཚད་མ་འགའ་ཞིག་རང་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ཅིང་། འགའ་ཞིག་རང་ལས་ཕྱིས་བྱུང་བའི་ཚད་མ་གཞན་སྟོབས་ཀྱིས་འདྲེན་པ་ཡིན་ནོ། །ངེས་ཤེས་ཀྱིས་སྒྲོ་འདོགས་བཅད་པའི་དོན་ཡང་སྒྲོ་འདོགས་ཀྱི་ས་བོན་རྒྱུན་གཅོད་པའི་ནུས་པ་ནི་ངེས་ཤེས་ལ་མེད། སྒྲོ་འདོགས་མངོན་གྱུར་བ་ནི་ཡིད་ཡུལ་གཞན་ལ་གཡེངས་པས་ཀྱང་མི་འབྱུང་བས་ངེས་ཤེས་སྐྱེས་ནས་དེའི་བྱེད་པ་མ་ཉམས་པར། སྒྲོ་འདོགས་འབྱུང་མི་སྲིད་པ་ལ་ངེས་ཤེས་ཀྱིས་སྒྲོ་འདོགས་གཅོད་པར་འཇོག་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། རང་གི་འཇུག་ཡུལ་ལ་ངེས་པ་རང་སྟོབས་དང་གཞན་སྟོབས་གང་རུང་གིས་དྲངས་པའི་སྒོ་ནས་རང་ཡུལ་ལ་འཇུག་ལྡོག་བྱེད་པའི་མི་བསླུ་བའི་རིག་པ་དེ་མངོན་སུམ་དུ་གྱུར་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད། རྗེས་དཔག་ཀྱང་བསྡུ་ན་རང་གི་འཇུག་ཡུལ་རང་ཉིད་ཀྱིས་ངེས་པའམ་ཕྱིས་ངེས་པ་དྲངས་པ་གང་རུང་གི་སྒོ་ནས་རང་ཡུལ་ལ་འཇུག་ལྡོག་བྱེད་པའི་མི་བསླུ་བའི་རིག་པ་དེ་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད། འདིའི་རྣམ་གཅད་ལ་དོན་དམ་པའི་ཚད་མ་རྣམས་བཅད་ནས། ཡོངས་གཅོད་ལ་ཟུར་དང་པོས་རྗེས་དཔག་དང། ཟུར་གཉིས་པས་ཐ་སྙད་པའི་ཚད་མར་གྱུར་པའི་མངོན་སུམ་རྣམས་བསྡུས་པ་ཡིན་ནོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། །