1860

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:57, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་ཏུ་བཟང་པོའི་སྤྱོད་པ་ (1)
Part of speech མིང་ཚིག
Definition མདོ། བྱང་ཆུབ་སེམས་དཔའི་སྤྱོད་པའམ། ཕྱོགས་ཐམས་ཅད་ནས་དགེ་བའི་ལས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་སྤྱོད་པ།
Domain ཆོས་ལུགས།
ཀུན་ཏུ་བཟང་པོའི་སྤྱོད་པ་ (2)
Part of speech མིང་ཚིག
Definition སྔགས། རྫོགས་པ་ཆེན་པོ། རྙིང་མ། དུག་ལྔ་རིག་པའི་རང་རྩལ་ཡིན་པས་དགག་སྒྲུབ་སོགས་སྤང་བླང་མེད་པའི་སྤྱོད་པ་སྟེ། ཐེག་དགུ་སྤྱི་ཆིངས་ལས། ཀུན་ཏུ་བཟང་པོའི་སྤྱོད་པ་ནི། །དུག་གསུམ་དུག་ལྔ་ལ་སོགས་རྣམས། །འགག་མེད་རང་བྱུང་ཉིད་དུ་གསལ། །སྤང་བླང་མེད་པར་སྤྱོད་པ་ཡིན། །ཞེས་གསུངས།