1875

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:58, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་ཏུ་ཚོལ་བ་བཞི་ (1)
Part of speech མིང་ཚིག
Definition མི་ཕམ་མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་ལས་བྱུང་བ་སྟེ། ༡ མིང་ཀུན་ཏུ་འཚོལ་བ་ནི། མིང་ཚིག་ཡི་གེ་རྣམས་ཀྱི་རང་མཚན་ཡོངས་སུ་གྲུབ་པ་མེད་པའོ། ། ༢ དངོས་པོ་ཀུན་ཏུ་འཚོལ་བ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོགས་པའོ། ། ༣ ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་འཚོལ་བ་ནི། གང་རྗོད་པ་དང་བརྗོད་བྱ་འབྲེལ་བ་ལ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པའོ། ། ༤ བྱེ་བྲག་ཏུ་འདོགས་པ་ཀུན་ཏུ་འཚོལ་བ་ནི། རྗོད་པ་དང་བརྗོད་བྱ་འབྲེལ་བ་ལ་ཁྱད་པར་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པའོ། །
Domain ཆོས་ལུགས།