1881
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱ་དཀའ་བའི་ཁྱད་པར་གཞན་སྟོན་པའི་ནང་གསེས་གསུམ་པ་ཀུན་ཏུ་འཁོར་བ་ལ་དབྱེ་བའམ་རྣམ་གྲངས་དགུ་ཡོད། ༡ རྩ་བ་ལས་དངོས་སུ་བསྟན་པ་ལྟར་རིན་སྤུངས་པའི་བཞེད་སྲོལ། ༢ བཻདརྦྷའི་ལུགས་ཀྱི་ཀུན་འཁོར། ༣ ཀསྨི་རའི་ལུགས་ཀྱི་ཀུན་འཁོར་བྱ་དཀའ་བ། ༤ ཀསྨི་རའི་ལུགས་ཀྱི་ཀུན་འཁོར་བྱ་སླ་བ། ༥ རྒྱལ་དབང་ལྔ་པའི་བཞེད་སྲོལ་དབྱངས་ངེས་པའི་བྱ་དཀའི་ཀུན་བཟང་འཁོར་ལོ། ༦ དཔལ་སྒང་པའི་བཞེད་སྲོལ་གྱི་ཀུན་བཟང་འཁོར་ལོ། ༧ བོད་མཁས་པའི་བཞེད་སྲོལ་གྱི་ཀུན་འཁོར་ཡིག་འབྲུ་དགུ་མ་བྱ་དཀའ་བ། ༨ བོད་མཁས་པའི་བཞེད་སྲོལ་གྱི་ཀུན་འཁོར་བྱ་སླ་བ། ༩ པཎ་ཆེན་བསྟན་པའི་དབང་ཕྱུག་གིས་གསར་བཏོད་མཛད་པའི་ཀུན་འཁོར་དཔལ་བེའུའི་གཟུགས་བཅས་ཡོད་ཅིང་། ད་དུང་དེར་མ་འདུས་པའི་མཁས་པ་སོ་སོའི་མཁྱེན་རབ་ཀྱི་རྩལ་ལས་བྱུང་བ་འདྲ་མིན་སྣ་ཚོགས་ཤིག་ཡོད་དོ། ། |
| Domain | རྩོམ་རིག |