1953
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། གལ་ཏེ་དགེ་སློང་གི་འཁོར། དགེ་སློང་ཀུན་དགའ་བོ་བལྟ་བའི་ཕྱིར་འོངས་པ་མཐོང་བས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་འོངས་པ་རྣམས་ལ་ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་དགེ་སློང་མའི་འཁོར་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་དགེ་སློང་ཀུན་དགའ་བོ་བལྟ་བའི་ཕྱིར་འོངས་པས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་འོངས་པ་རྣམས་ལ་ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། ། |
| Domain | ཆོས་ལུགས། |