2008

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་ནས་དཀྲིས་པ་ (1)
Part of speech མིང་ཚིག
Definition སྲིད་པའི་བཙོན་རར་ཀུན་ནས་འཁྲི་བའམ། སྤྱོད་པ་ངན་པ་དག་ལྡང་བར་བྱེད་པའི་ཉེ་བའི་ཉོན་མོངས་རྣམས་ཏེ། རབ་ཏུ་བྱེད་པ་ལས་ཉེ་བའི་ཉོན་མོངས་པའི་དབང་དུ་བྱས་ནས་བརྒྱད་གསུངས་པའམ། བླ་མ་དག་བསླབ་པ་གསུམ་ཕན་འདོགས་དང་བཅས་པའི་མི་མཐུན་པའི་སྒོ་ནས་བརྒྱད་དུ་གྲངས་ངེས་ཞེས་འཆདདོ། །དེ་ནི་ཚུལ་ཁྲིམས་ཀྱི་ངོ་ཚ་ཁྲེལ་མེད་དང་གཞན་ལ་ཕན་འདོགས་པའི་ཕྲག་དོག་སེར་སྣ་དང་ཤེས་རབ་ཀྱི་རྒོད་འགྱོད་དང་སེམས་ཀྱི་རྨུགས་གཉིད་དང་ནི་ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་དང། བྱེ་བྲག་ཏུ་སྨྲ་བས་ཁྲོ་བ་དང་འཆབ་པ་བསྣན་ནས་བཅུར་འདོད་དོ། །ཀུན་ནས་དཀྲིས་པ་འདི་དག་ནི་ས་ལས་སྲིན་བུ་ཁ་ཆུས་དཀྲིས་པ་ལྟར་ཡང་ཡང་རྒྱུན་དུ་འབྱུང་བས་སེམས་འཁྲི་ཞིང་ཡོག་པར་བྱེད་པས་ཞེས་བཤད་དོ། ། འདི་དག་གང་གི་རྒྱུ་མཐུན་ཡིན་པ་ནི། ཀུན་དཀྲིས་དེ་རྣམས་ལས་འདོད་ཆགས་ཀྱིས་ངོ་ཚ་མེད་དང་རྒོད་དང་སེར་སྣ་གསུམ་བསླང་བས་དེ་གསུམ་འདོད་ཆགས་ཀྱི་རྒྱུ་མཐུན་ཏེ། རང་གི་ཆོས་ལ་ཆགས་པས་གཞན་པ་མ་གུས་པའི་ཕྱིར་དང་། འདོད་པའི་ཡོན་ཏན་ལ་ཆགས་པས་སེམས་རྣམ་པར་འཕྲོ་བའི་ཕྱིར་དང་། ཡོ་བྱད་ལ་སོགས་པ་ལ་ཆགས་པས་དམ་དུ་འཛིན་པའི་ཕྱིར་རོ། །འཆབ་པ་ནི་ཁ་ཅིག་འདོད་ཆགས་ཀྱིས་བསྐྱེད་པར་འདོད་ལ། གཞན་དག་ནི་གཏི་མུག་གིས་བསྐྱེད་པར་འདོད་དོ། །ལ་ལ་ནི་གཉིས་ཀས་སྐྱེས་སོ་ཞེས་ཟེར་ཏེ་མི་མཐུན་པར་རྩོད་དོ། །འོན་ཀྱང་རྙེད་བཀུར་དང་ཚིགས་སུ་བཅད་པ་ཉམས་ཀྱིས་དྭོགས་ནས་འཆབ་པའི་ཕྱིར་འདོད་ཆགས་ལས་སྐྱེས་པ་ཉིད་རིགས་སོ། །སེམས་རྨུགས་པ་དང་གཉིད་དང་ཁྲེལ་མེད་རྣམས་མ་རིག་པའི་རྒྱུ་མཐུན་པ་ཡིན་ཏེ། དམིགས་པ་གསལ་བར་འཇུག་པ་ལ་རྨུགས་གཉིད་མེད་པའི་ཕྱིར་དང་། སྡིག་པའི་འབྲས་བུ་སྡུག་བསྔལ་ཡིན་པར་མ་ཤེས་པས་སྡིག་པ་ལ་མི་འཇིགས་པའི་ཕྱིར་རོ། །ཐེ་ཚོམ་ལས་འགྱོད་པ་མི་དགེ་བ་འབྱུང་སྟེ། དགེ་བའི་འབྲས་བུ་བདེ་བ་ཡིན་པར་ཐེ་ཚོམ་ཟ་བ་དག་དགེ་བ་བྱས་པ་ལ་འགྱོད་པའི་ཕྱིར་རོ། །ཁྲོ་བ་དང་ཕྲག་དོག་ནི་ཁོང་ཁྲོའི་རྒྱུ་ལས་བྱུང་སྟེ། ཞེ་སྡང་ལས་ཀུན་ནས་མནར་སེམས་སྐྱེ་བའི་ཕྱིར་དང་། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་འཁྲུགས་ནས་མི་བཟོད་པའི་ཕྱིར་རོ། ། ཀུན་དཀྲིས་བཅུ་པོ་འདི་དག་མཐོང་སྤང་སྒོམ་སྤང་གི་ཁྱད་པར་ནི། དེ་དག་ལས་ངོ་ཚ་མེད་པ་དང་། ཁྲེལ་མེད་རྨུགས་པ་དང་གཉིད་རྒོད་ལྔ་ཉོན་མོངས་པ་རྣམ་པ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་མཐོང་སྒོམ་གྱི་སྤང་བྱ་རྣམ་པ་གཉིས་ཀ་ཡིན་ལ། དེ་ལས་གཞན་ནི་ཉེ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པས་བསྡུས་པ་ཕྲག་དོག་སེར་སྣ་འགྱོད་ཁྲོ་འཆབ་པ་ལྔ་སྒོམ་པས་སྤང་བྱ་ཁོ་ནའོ། །དེ་ལྔ་ནི་རང་དབང་ཅན་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:ཀུན་ནས་དཀྲིས་པ་

|; |@@@ | | }}