2091

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་ ༡༨༥༦ ལོར་ཁམས་ཀྱི་འབྲི་ཆུའི་རྒྱུད་ཀྱི་བཀྲ་ཤིས་ལྷ་ལུང་དུ་ཡབ་གཞན་ཕན་བདེ་ལེགས་འབྱུང་གནས་དང་། ཡུམ་གཞན་ཕན་ཆོས་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དབང་ཆེན་སྟོབས་རྒྱལ་ཞེས་གསོལ། དགུང་ལོ་གསུམ་པར་སྔོན་གྱི་བག་ཆགས་སད། སྙན་ངག་གི་ལྗགས་རྩོམ་གནང་བའི་སྐུ་ཡོན་ཁྱད་དུ་འཕགས། བཞི་བར་ཀུན་མཁྱེན་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངོས་འཛིན་བྱས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ས་སྤྲེལ་ཕྱི་ལོ་ ༡༨༦༠ ལོའི་ཧོར་ཟླ་གཉིས་པའི་ཚེས་གཅིག་ཉིན་ཆོས་ཁྲིར་མངའ་གསོལ། སྐུ་གོང་མའི་ཞལ་ཆེམས་ལྟར་རྡོ་སྦིས་ལྷ་རམས་པ་བསྟན་འཛིན་རྒྱ་མཚོ་ལས་ཡི་གེའི་འབྲི་ཀློག་ལ་སྦྱངས། རྗེ་ཤེས་རབ་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། སྡེ་ཁྲི་རིན་པོ་ཆེའི་གསུང་ལྟར་མཚན་ལ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཅེས་གསོལ། ཉི་ཤུ་པ་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགེ་བཤེས་བློ་བཟང་རྣམ་རྒྱལ་ཡོངས་འཛིན་དུ་བསྟེན། དཔོན་སློབ་བྱམས་པ་རིན་པོ་ཆེའི་སྤྲུལ་སྐུ་ལས་བསྙེན་པར་རྫོགས། ལོ་ངོ་བཞིའི་རིང་འདུལ་མཛོད་དབུ་ཚད་བཅས་ལ་གསན་སྦྱངས་མཛད། གཞུང་ལུགས་མང་པར་ཐོས་བསམ་མཛད་དེ་མདོ་སྨད་དུ་ཕེབས། ཉེར་གཉིས་པར་ཀྱེ་རྡོར་གྲྭ་ཚང་གསར་འཛུགས་དང་། འདུ་ཁང་གསར་བཞེངས་མཛད། གསང་ཆེན་ཆོས་ཀྱི་སྒྲོན་མེ་སྦར། ཉེར་བརྒྱད་པ་ཆུ་ལུག་ཕྱི་ལོ་ ༡༨༨༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བཞུགས། བརྩི་བཞག་དང་འཆད་ཉན་སོགས་ལ་གཟིགས། སྒྲིག་ལམ་གསར་འཛུགས་དང་དག་ཐེར་མཛད། ཞེ་གསུམ་པ་ས་ཁྱི་ཕྱི་ལོ་ ༡༨༩༨ ལོར་རི་བོ་རྩེ་ལྔར་བརྒྱུད་ནས་པེ་ཅིན་དུ་ཕེབས། གོང་མ་བཀྭང་བཤུས་དང་མཇལ་བས་གསེར་ཡིག་གནང་། ཞེ་བརྒྱད་པར་གསེར་གཞོང་དུ་དགལ་ལྡན་ཆོས་འཕེལ་གླིང་ཕྱག་བཏབ། ང་བཞི་པར་སླར་ཡང་དབུས་གཙང་དུ་ཕེབས་ཏེ་ས་སྐྱ་སོགས་སུ་གནས་མཇལ་གནང་། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དང་། རྟེན་རྣམས་ལ་མཆོད་འབུལ། དད་ལྡན་རྣམས་ལ་ཆོས་སྦྱིན་བཅས་མཛད། རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་ཀུན་ལ་ཞབས་ཀྱིས་བཅགས་ཏེ། དད་ལྡན་གྱི་གདུལ་བྱ་རིས་སུ་མ་ཆད་པ་རྣམས་ལ་ཅི་འདོད་ཀྱི་རེ་སྐོང་མཛད། བླ་སྤྲུལ་རྣམས་ལ་དབང་ལུང་རྗེས་གནང་བཤད་ཁྲིད་བསམ་གྱིས་མི་ཁྱབ་པ་གནང་བ། རེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་སྐུ་གཤེགས། ཀུན་མཁྱེན་སྐུ་ཕྲེང་བཞི་པ་ཡིན། གསུང་རྩོམ་པོ་ཏི་བཞིར་ལོངས་པ་བཅས་མཛད། མཚན་གཞན། དབང་ཆེན་སྟོབས་རྒྱལ།