2185

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་རྫོབ་བདེན་པ་ (1)
Part of speech མིང་ཚིག
Definition བྱེ་བྲག་སྨྲ་བ། བཅོམ་བྱེད་ཀྱི་བཅོམ་པའམ་བློས་རང་གི་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་དོན་མཐུན་འདོར་བའི་ཆོས་སུ་དམིགས་པ་ཞིག་ལ་ཟེར་བ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཛོད་རྩ་བ་ལས། གང་ལ་བཅོམ་དང་བློ་ཡིིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་ཞེས་དང། དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། བཅོམ་པའམ་བློས་རང་གི་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་དོན་མཐུན་འདོར་བའི་ཆོས་སུ་དམིགས་པ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། ཅེས་དང། མཚན་གཞི་ནི། བུམ་པ་དང་། སྣམ་བུ་ལྟ་བུ་དང་པོ་ཡིན་ཏེ། བུམ་པ་ཐོ་བས་བཅོམ་པ་ན་བུམ་པར་འཛིན་པའི་བློ་དོན་མཐུན་འདོར་བའི་ཕྱིར་དང། སྣམ་བུའི་སྣལ་མ་སོ་སོར་བསལ་བ་ན་སྣམ་བུར་འཛིན་པའི་བློ་དོན་མཐུན་འདོར་བའི་ཕྱིར། ཞེས་གསུངས་པའི་ཕྱིར། མདོར་བསྒྲིལ་ན། ཆ་ཤས་དང་བཅས་པ་རྣམས་ནི་ཀུན་རྫོབ་དང༌། ཆ་ཤས་མེད་པའི་ཆོས་རྣམས་དོན་དམ་དུ་འཇོག་ལ། འདུས་མ་བྱས་གསུམ་ནི་ཆ་ཤས་དང་བཅས་ཀྱང་དོན་དམ་དུ་འདོད་དགོས་སམ་སྙམ་མོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (2)
Part of speech མིང་ཚིག
Definition མདོ་སྡེ་བའི་ལུགས་ལ། རང་གི་འབྲས་བུ་སྐྱེ་བའི་དོན་བྱེད་མི་ནུས་པའི་ཆོས་ཞིག་ལ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་གསུངས་པའི་ཕྱིར་དང་། དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། གཉིས་པ་མདོ་སྡེ་བའི་ལུགས་ནི། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་སུ་དམིགས་པ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (3)
Part of speech མིང་ཚིག
Definition སེམས་ཙམ་པ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། གསུམ་པ་སེམས་ཙམ་པའི་ལུགས་ནི། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ། ཀུན་རྫོབ་བདེན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། (མཆན) འདིར་གཉིས་སྣང་ཞེས་པ་ནི། ཀུན་རྫོབ་ཀྱི་སྣང་བ་ལ་བྱེད་དགོས་ལ་དེ་ཡང་དེའི་སྣང་བ་ཡོད་ན་གཉིས་སྣང་ཡོད་དགོས་པའི་རྒྱུ་མཚན་ནི་མངོན་སུམ་གང་དང་གང་ལའང་ཀུན་རྫོབ་པའི་ཆོས་གང་སྣང་ཡང་ཆུ་ལ་ཆུ་བཞག་ལྟ་བུ་མ་ཡིན་པར་རང་དང་ངོ་བོ་ཐ་དད་པའི་ཚུལ་གྱིས་སྣང་བའི་རྒྱུ་མཚན་དེས་ནའོ། ། ཡང་ན། བློ་ཀུན་རྫོབ་པ་སྟེ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་ངོ་ལ་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་ཟེར། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱི་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། ཀུན་རྫོབ་བདེན་པའི་མཚན་ཉིད། ཐ་སྙད་ཚད་མའི་རྙེད་དོན་གང་ཞིག་མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་དེ་དེ་ལ་རིགས་ཤེས་སུ་མ་སོང་བའོ། །ཞེས་གསུངས།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (4)
Part of speech མིང་ཚིག
Definition སེར་སྨད་ཡིག་ཆར། བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། ངེས་ཚིག། །མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས་ཆོས་ཅན། ཁྱོད་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། བློ་ཀུན་རྫོབ་པ་གཏི་མུག་བདེན་འཛིན་གྱི་ངོ་ཙམ་དུ་བདེན་པར་གྲུབ་ཀྱང་དོན་ལ་བདེན་པར་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཞེས་དང་། མཚན་ཉིད། དབུ་མའི་མཐའ་དཔྱོད་ལས། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཐ་སྙད་པའི་ཚད་མར་སོང་བ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། ཞེས་གསུངས། དབུ་མའི་སྤྱི་དོན་ལས། མིང་བརྡས་བཞག་ཙམ་དུ་གྲུབ་པ་དེ་ཀུན་རྫོབ་བདེན་པའི་མཚན་གཞིར་འདོད་པའི་ཕྱིར། ཞེས་གསུངས།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (5)
Part of speech མིང་ཚིག
Definition བཀྲིས་ལྷུན་ཐོས་གླིང་ཡིག་ཆར། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ། ཀུན་རྫོབ་བདེན་པའི་མཚན་ཉིད། ཀུན་རྫོབ་བདེན་པ་ལ་དབྱེ་ན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས། དེས་ན། སྒྱུ་མའི་དཔེ་བརྒྱད་དང༌། ཡོངས་གྲུབ་ལས་གཞན་པའི་དངོས་མེད་ཐམས་ཅད་ལོག་པའི་ཀུན་རྫོབ། དེ་རྣམས་ལས་གཞན་པའི་དངོས་པོ་ཐམས་ཅད་ནི་ཡང་དག་ཀུན་རྫོབ། དོན་དམ་པའི་བདེན་པ་ནི། ཡང་ལོག་གཉིས་གང་ཡང་མིན་ཏེ། དེ་ཀུན་རྫོབ་མ་ཡིན་པའི་ཕྱིར།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (6)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཀུན་རྫོབ་དཔྱད་བྱེད་ཀྱི་ཚད་མའི་རྙེད་དོན་དུ་དམིགས་པ། ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ཏེ། འཇུག་པ་ལས། མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པའི་ཕྱིར། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། ཇི་སྙེད་པ། བརྫུན་པ། སླུ་བའི་ཆོས་རྣམས་མིང་གི་རྣམ་གྲངས་ཡིན་ནོ། །དེ་ལ་དབྱེ་ན། ཡང་དག་ཀུན་རྫོབ་བདེན་པ་དང། ལོག་པའི་ཀུན་རྫོབ་བདེན་པ་གཉིས། ཀུན་རྫོབ་བདེན་པ་ཡང་ཡིན། མངོན་སུམ་ལ་སྣང་བ་སྣང་བ་ལྟར་དོན་བྱེད་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། ཀུན་རྫོབ་བདེན་པ་ཡང་ཡིན། དེ་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཉིས་པའི་མཚན་ཉིད། དང་པོ་ནི། གཟུགས་ལྟ་བུའོ། །གཉིས་པ་ནི། ནམ་མཁའ་ལྟ་བུའོ། །གཟུགས་སོགས་ཀྱི་ཆོས་རྣམས་ལ་ཀུན་རྫོབ་བདེན་པ་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡང་གཟུགས་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བློ་ཀུན་རྫོབ་པ་གཟུགས་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་གྱི་ངོར་བདེན་པ་ཙམ་གྱི་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་འདྲའི་བདེན་འཛིན་ལ་ཀུན་རྫོབ་པའམ་སྒྲིབ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་གཟུགས་ཀྱི་ཆོས་ཉིད་མངོན་སུམ་གྱིས་མཐོང་བ་ལ་སྒྲིབ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། དེ་ལྟར་ཡང་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་གསུངས་པའི་ཕྱིར།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (7)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན། ཡང་ན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ། དབྱེ་ན། ཡང་དག་ཀུན་རྫོབ་བདེན་པ་དང། ལོག་པའི་ཀུན་རྫོབ་བདེན་པ་གཉིས་ཡོད།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}

ཀུན་རྫོབ་བདེན་པ་ (8)
Part of speech མིང་ཚིག
Definition ཀུན་རྫོབ་ཅེས་པ་སྒྲིབ་བྱེད་ལ་གོ་བར་འདུག་པས། མ་རིག་པའི་སྒྲིབ་བྱེད་དང་བཅས་པའི་འཇིག་རྟེན་པའི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ལ་ཀུན་རྫོབ་བདེན་པ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཁ་ཅིག་རྣམ་བཤད་ལས་གསུངས་པ་ལྟར་རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དོན་དམ་བདེན་པའི་འཇོག་བྱེད་དང། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བའི་རིགས་སུ་གནས་པ་ཀུན་རྫོབ་བདེན་པའི་འཇོག་བྱེད་དུ་སྨྲས་པ་ལ། སྔ་མའི་མཚན་ཉིད་ཀྱི་ཟུར་ཕྱི་མས་སྔོར་སྣང་དབང་ཤེས་ལྟ་བུ་དོན་དམ་པ་ཡིན་པ་འགོག་ཅིང། ཕྱི་མའི་མཚན་ཉིད་ཀྱི་ཟུར་དུ་རིགས་གནས་སྨོས་པས་སྔོར་སྣང་དབང་ཤེས་ལྟ་བུ་ཀུན་རྫོབ་བདེན་པར་སྟོན་པའི་ཆེད་དུ་ཡིན། ཞེས་གསུངས། ཡང་མཁས་པ་ཁ་ཅིག་ཞུ་དག་པས་བཀོད་པའི་ཡི་གེ་མ་དག་པ་ཡིན་གྱི་ཊཱིཀྐ་བྲིས་མ་དག་པ་ཁ་ཅིག་ཏུ་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དང་རིགས་སུ་གནས་པ་ཞེས་པ་མེད་ལ། སྤྱོད་འཇུག་ཊཱིཀྐར་ཡང་དེ་གཉིས་མི་འབྱུང་བ་ལྟར་བྱ་གསུང་ངོ་། །ལུགས་དང་པོ་རྣམ་བཤད་ཀྱི་དགོངས་པ་དེ་ལྟར་ཁས་ལེན་པ་མི་རིགས་ཏེ། སྔོར་སྣང་དབང་ཤེས་ལྟ་བུ་རང་དངོས་སུ་རྟོགས་པའི་རང་རིག་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ཀྱང། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་མིན་གྱི་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དང། སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་ཞེས་པ། དཔེ་དག་པའི་དབང་དུ་བྱས་ནའང་དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པ་ལ་མི་བྱེད་པར་ཀུན་རྫོབ་པའི་སྣང་བའམ། གཉིས་སྣང་ལ་བྱེད་དགོས་པ་སྤྱོད་འཇུག་རྣམ་བཤད་ཀྱི་དགོངས་པ་ཡིན་པའི་ཕྱིར་ཞིབ་ཏུ་ལྟོས་ཤིག ཅེས་གསུངས།

{{#arraymap:ཀུན་རྫོབ་བདེན་པ་

|; |@@@ | | }}