2203

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་རྫོབ་སྒྲུབ་བྱེད་ཀྱི་རྗེས་དཔག་ཚད་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། རྗེས་དཔག་ནི་འཇིག་རྟེན་པའི་རྒྱུད་ལ་ཡོད་ཅིང་ཆོས་འགའ་ཞིག་ལྐོག་ཏུ་གྱུར་པ་འཕགས་པ་འོག་མ་གསུམ་གྱི་རྒྱུད་ལ་ཡང་ཅི་རིགས་སུ་ཡོད་ལ། རྫོགས་པའི་སངས་རྒྱས་ལ་ནི་ཆོས་གང་ཡང་ལྐོག་ཏུ་གྱུར་པ་མི་མངའ་བས་རང་རྒྱུད་ཀྱི་བསྡུས་པའི་རྗེས་དཔག་མེད་ཀྱི་གདུལ་བྱ་ཁོ་ན་ལ་གྲགས་པའི་རྗེས་དཔག་ཞལ་གྱིས་བཞེས་ནས་དེ་ཉིད་ཀྱིས་གདུལ་བྱས་ཁོང་དུ་ཆུད་པར་བརྗོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །དབུ་མ་རྣམ་ངེས་བང་མཛོད་ལུང་རིགས་རྒྱ་མཚོ་ལས། རྗེས་དཔག་ལ་མཚན་ཉིད་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་གཉིས་སྣང་ཅན་གྱི་རིག་པ་གང་ཞིག ཚུལ་གསུམ་པ་ཅན་གྱི་རྟགས་ལས་འཇིག་རྟེན་ལ་གྲགས་པའི་འཇུག་ཡུལ་ལྐོག་གྱུར་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི། དུ་བའི་རྟགས་ལས་ལ་མེ་ལྡན་དུ་རྟོགས་པ་ལྟ་བུ་དང་། ཆུ་སྐྱར་གྱི་ལུས་ཁྱད་པར་ཅན་ལས་གཞི་འགའ་ཞིག་ཏུ་ཆུ་དཔོག་པ་བཞིན་ནོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རྫོབ་སྒྲུབ་བྱེད་ཀྱི་རྗེས་དཔག་ཚད་མ་

|; |@@@ | | }}