2206

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཀུན་རྫོབ་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པའི་རྩོད་པ་སྟེ། སྐབས་འདིར་ཆོས་རྣམས་ཡོད་ན་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་བདེན་གྲུབ་ཏུ་ཐལ་བའི་རྩོད་པ་ཞིག་ལ་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཞེས་བརྗོད། དེ་ལ་ལན་འདེབས་ཚུལ་དང་དེའི་ངོ་བོ་བཅས་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་དམ་གྱི་སྒོ་ནས་ལན་གདབ་དགོས། དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་པའི་ཕྱིར། དབུ་མ་པའི་ཀུན་རྫོབ་ཀྱི་ཁས་བླངས་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པར་བྱེད་པའི་སུན་འབྱིན་དེ། སྐབས་འདིར་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀའི་མཚན་ཉིད།
Example བར་ཆད་མེད་པའི་རྩེ་སྦྱོར་དང་རྣམ་མཁྱེན་གྱི་དམིགས་པ་ཆོས་ཅན། བདེན་གྲུབ་ཏུ་ཐལ། ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་

|; |@@@ | | }}