2211

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་རིག་གི་ཆ་གསུམ་གཏོར་མ་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་ཤར་ལྷོ་ནས་ལྷོ་ནུབ་བར་དུ་ཕྱོགས་སྐྱོང་དང་འབྱུང་པོ་ལ། ཟླུམ་གཏོར་པད་འདབ་བཞིས་བསྐོར་བ་རེ་རེ། རིགས་དྲུག་ལ་ཟན་རིལ། ཡི་དྭགས་ལ་ཟན་ཆད་གཏུབས་པའི་བྲུལ་རེ་རེ། བགེགས་ལ་མཐེབ་ཀྱུ་ནར་མོ་ཞིག་འཕྲེད་ལ་བཞག་པའི་རྒྱབ་ཏུ་དེ་འདྲ་བ་ཞིག་གྱེན་ལ་བསླངས་པའི་ཕྱི་ནས་ཆངས་བུས་བསྐོར་བའི་མདུན་ངོས་སུ་མཐེབ་ཀྱུ་གོར་མོ་ཞིག་སྦྱར་བའི་གཏོར་མ་སྟེ། ལྔ་བཤམ་མོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་གི་ཆ་གསུམ་གཏོར་མ་ལྔ་

|; |@@@ | | }}