2219
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། ཕྱག་ཆེན་ནི། གཙོ་བོའི་ཕྱག་ཆེན་བཅའ་ཞིང་རྣམ་སྣང་གི་སྐུར་བསྒོམས་ལ་ངག་ཏུ་ཨོཾ་ཞེས་བརྗོད་སེམས་ཀྱིས་ཐུགས་ཀར་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ་བྱང་ཆུབ་ཀྱི་སེམས་ཆེན་པོའོ་ཞེས་བསྒོམ། དེ་བཞིན་དུ་སྦྱོང་རྒྱལ་ནས་བཟུང་ལྷ་རང་རང་གི་ཕྱག་ཆེན་བཅའ་ཞིང་དེ་དང་དེའི་ང་རྒྱལ་གྱིས་དེའི་སྙིང་པོ་བརྗོད། ཕྱག་མཚན་ཡོད་པ་རྣམས་ལ་ཕྱག་མཚན་དང་བཅས་པའི་སྐུར་བསྒོམ་ལ་ཐུགས་ཀར་ཧཱུྃ་ལས་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་རེ་བསྐྱེད་དེ་བྱང་ཆུབ་ཀྱི་སེམས་ཆེན་པོའོ་ཞེས་བསྒོམ། འདིར་ནི་ལྷ་རྣམས་དམིགས་ཡུལ་དུ་བཞག་དགོས་པར་མ་ཟད་རང་ཡང་དེ་དང་དེའི་ང་རྒྱལ་བྱ་དགོས་ཏེ། བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིང་བ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་རིག་ཕྱག་ཆེན་
|; |@@@ | | }}