2221

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་རིག་རྡོ་རྗེ་སློབ་དཔོན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། བླ་མའི་བརྒྱུད་པ་དང་ལྡན་རྒྱུད་དོན་རིག ། དམ་ཚིག་མཆོག་བསྲུང་མན་ངག་དུ་མས་བརྒྱན། །སྙིང་རྗེས་རྒྱུད་བརླན་བསྟན་བཅོས་དུ་མ་ཤེས། །དེ་ཡི་ཞབས་བསྟེན་གསོལ་བ་ལན་མང་གདབ། །ཅེས་གསུངས་པ་ལྟར་གྱི་མཚན་ཉིད་ཀུན་ལྡན་གྱི་བླ་མ་དམ་པ་ལས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་གི་བརྡ་དོན་ལེགས་པར་ངོ་འཕྲོད་པའི་སྒོ་ནས་དབང་བསྐུར་བ་ཐོབ་ཅིང་། རྣལ་འབྱོར་རྒྱུད་ལས་གསུངས་པའི་རྩ་ལྟུང་བཅུ་གཅིག་གིས་མ་གོས་པ་སོགས་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་དང་ལྡན་ཞིང་། སོ་སོར་ཐར་པའི་སྡོམ་པས་རྒྱུད་ལེགས་པར་བསྡམས་པ། རྙེད་བཀུར་སོགས་ཆོས་བརྒྱད་ཀྱི་རྟོག་པས་མ་གོས་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པ། གཞིའི་བསྙེན་པ་མཐར་ཕྱིན་ཅིང་། དེ་ཉིད་བཅུ་ལེགས་པར་ཤེས་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཉམས་སུ་བླང་བར་བྱ་དགོས་པ་ཁོ་ནའོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་རྡོ་རྗེ་སློབ་དཔོན་

|; |@@@ | | }}