2261
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། དགུང་ལོ་གསུམ་ནས་རྡོ་རྗེའི་ཚིག་རྐང་ཐར་ཐོར་འདོན། བླ་མ་བསོད་ནམས་རྒྱལ་མཚན་གྱི་སྐྱེ་བ་ཡིན་པར་ཞལ་གྱིས་བཞེས། ཉེར་དྲུག་པར་བསྙེན་པར་རྫོགས། མཚན་བདེ་ལེགས་རིན་ཆེན་དུ་གསོལ། ཀུན་ལྡན་རས་མ་ལས་སྙན་བརྒྱུད་ཀྱི་དབང་བྱིན་རླབས་གདམས་པ་སོགས་གསན། གཞན་ཡང་ཐར་པ་ལོ་ཙཱ། ཁྲོ་ཕུ་པཎ་ཆེན་ཤཱཀྱ་སེངྒེ་སོགས་ལས་གསར་རྙིང་གི་ཆོས་མང་དུ་གསན་ཅིང་སྦྱངས་པ་མཛད། དེ་ནས་བྲང་ཁང་ཡང་ཕུལ་ཅིང་སྔ་ཕྱིར་སྤོང་དག་ལན་གསུམ་མཛད་དེ། ལ་སྟོད། གཉའ་ནམ་གྲོད་ཕུག རྫོང་དྲུག། ལ་ཕྱིའི་གངས་ར་སོགས་སུ་ལོ་མང་བཞུགས། ལ་ཕྱིའི་གངས་ལ་རས་རྐྱང་གིས་ཆོག་པ་བྱུང་། རྨི་ལམ་རྒྱུན་ཆགས་སུ་ཟིན་ཅིང་གང་འདོད་སྤྲུལ་བསྒྱུར་ནུས་པ་དང་། ལས་རླུང་དྷཱུ་ཏིར་ཚུད་པས་ཕྱི་ནང་གི་རྒྱུ་བ་ཆད་དེ། མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་སོགས་ཉམས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ཡིན་ནོ། ། |