2464

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:06, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀེང་རུས་ཀྱི་འདུ་ཤེས་ (1)
Part of speech མིང་ཚིག
Definition ཆགས་ཡུལ་མི་སྡུག་པ་ཀེང་རུས་ཀྱི་རྣམ་པར་འདུ་ཤེས་པའམ་སེམས་པ་སྟེ། མཛོད་འགྲེལ་ལས། འདོད་ཆགས་གཉེན་པོར་མི་སྡུག་པ་ཇི་ལྟར་བསྒོམ་ཞེ་ན། ཁ་དོག་དང༌། དབྱིབས་དང༌། རེག་བྱ་དང༌། རྙེད་བཀུར་ལ་སོགས་པའི་འདོད་ཆགས་ཀྱི་གཉེན་པོར་འདུ་ཤེས་དགུ་སྒོམ་པར་བྱེད་ལ། ཀེང་རུས་སྒོམ་པ་ཆགས་བཅས་ཐམས་ཅད་ལ་ཤིས་པ་ཡིན་ཏེ། དེ་ལ་ཆགས་པའི་གནས་བཞི་པོ་མི་འབྱུང་བའི་ཕྱིར། འོ་ན། ཀེང་རུས་ཇི་ལྟར་བསྒོམ་ཞེ་ན། དང་པོར་དཔྲལ་བའི་དབྱེས་ལྟ་བུར་སེམས་གཏད་དེ་རུས་པར་མོས་ཤིང་དེ་ནས་རིམ་གྱིས་རྒྱ་མཚོའི་མཐའ་ཀླས་པའི་བར་དུ་ནི་རུས་པར་སྤྲོ་ཞིང་སྡུད་པའི་ཚེ་རང་གི་ལུས་མ་གཏོགས་པ་བསྡུས་པས། ཡིད་ལ་བྱེད་པའི་ལས་དང་པོ་པ་ཞེས་བྱའོ། །དེ་ནས་སྤྲོ་བའི་ཚེ་སྔར་དང་འདྲ་ཞིང་སྡུད་པའི་ཚེ་ཀེང་རུས་ནས་ནི་ཐོད་ཕྱེད་ཀྱི་བར་དུ་བཏང་བས་ཡིད་ལ་བྱེད་པ་སྦྱང་བར་བྱས་པར་བཤད་དོ། །དེ་ནས་སྤྲོ་བའི་ཚེ་སྔར་དང་འདྲ་ལ་སྡུད་པའི་ཚེ་སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེབ་གང་ཙམ་ལ་སེམས་འཛིན་པས་ཡིད་ལ་བྱེད་པ་རྫོགས་པ་ཞེས་བྱ་བ་ཡིན་ནོ། །མི་སྡུག་པ་སྒོམ་པའི་ངོ་བོ་གང་ཞེ་ན། མ་ཆགས་པ་ཡིན་ཏེ། ཆགས་པའི་གཉེན་པོ་ཡིན་པའི་ཕྱིར།
Domain ཆོས་ལུགས།