2643

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:09, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀོང་ཡུལ་ (1)
Part of speech མིང་ཚིག
Definition ཀོང་པོའི་ཡུལ་ཏེ། བོད་དབུས་གཙང་རུ་བཞིའི་ཁོངས་ཀྱི་གཡོ་རུའི་ཤར་ཕྱོགས་སུ་ཉང་པོ། ལོང་པོ། ཀོང་པོ་གསུམ་ཞེས་ཉང་ཆུའི་སྟོད་སྨད་བར་གསུམ་དུ་ཡུལ་ལུང་ཁག་གསུམ་ཡོད་ཅིང༌། ཉང་ཆུའི་སྟོད་རྒྱུད་ཉང་ཆུ་ཆེ་ཆུང་གཉིས་འབབ་པའི་རྒྱུད་ནས་ཆུ་གཉིས་འདྲེས་མཚམས་ཀོང་པོ་རྒྱ་མདའ་ལ་མ་སླེབས་བར་ལ་ཉང་པོ་ཟེར་ཞིང༌། དེ་ནས་ཞོ་ཁའི་རྒྱུད་ནས་འབབ་པའི་ཆུ་ལ་ཐུག་གི་བར་ལོང་པོ། ཉང་ཆུ་དང་ཞོ་ཁའི་ཆུ་ཆེན་འདྲེས་མཚམས་ནས་ཀོང་སྨད་རྩེ་ལྷ་སྒང་བར་ལ་ཀོང་པོ་ཟེར།