2768

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:10, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁ་གྱ་དཀོན་མཆོག་དར་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ཕྱི་ལོ་ ༡༧༤༢ ལོར་མདོ་སྨད་ཁ་གྱའི་དཔོན་རྒྱུད་དུ་འཁྲུངས། ཆུང་དུས་ནས་ཁ་གྱ་དགོན་དུ་མཚན་ཉིད་ཀྱི་ཆོས་གྲྭར་ཅུང་ཟད་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་ནས་བཀའ་པོད་ལྔའི་གཞུང་ལ་སློབ་གཉེར་ནན་ཏན་མཛད། ལུང་རིགས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། རྡོ་རམས་པའི་མཚན་བཏགས་ཀྱང་བཞེས། ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་ཕྱིར་དབུས་གཙང་དུ་ཕེབས། རབ་བྱུང་བཅུ་གསུམ་པའི་མེ་རྟ་ ༡༧༨༦ ལོར་མདོ་སྨད་དུ་ཕེབས་རྗེས་རྒྱུད་སྨད་གྲྭ་ཚང་དུ་ལོ་གསུམ་གྱི་རིང་ཆོས་གྲྭར་འགྲིམས་ནས་སྔགས་རམས་དམ་བཅའ་ལེགས་པར་ཐོན། བྱ་ཁྱུང་དང་སྐུ་འབུམ་སོགས་སུ་དམ་བཅའ་བཞག ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་བླ་བྲང་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། ཆོས་འཆད་ཉན་དང་། འགྲིག་ལམ། ཀུན་སྤྱོད་བཅས་ལ་དོ་དམ་གང་ལེགས་གནང་། འདིའི་མན་ཆད་ཀྱི་རྣམ་ཐར་མཇལ་རྒྱུ་མ་བྱུང་། འདས་ལོ་མི་གསལ། བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བཅུ་བ་ཡིན།