From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁ་ཐུག་ (1)
| Part of speech
|
མིང་ཚིག
|
| Definition
|
ཐད་ཀ་དང་དྲང་པོའི་དོན་ཏེ།
|
| Keyword
|
True
|
| Example
|
ལམ་འདི་དེད་ནས་ཁ་ཐུག་སོང་ན་ཐག་ཉེ། གཏམ་ཁ་ཐུག་བཤད་ན་གོ་སླ་ལྟ་བུ།
|
ཁ་ཐུག་ (2)
| Part of speech
|
མིང་ཚིག
|
| Definition
|
ཕོ་མོ་ཕན་ཚུན་རང་འཐད་ཀྱིས་དགའ་རོགས་བསྒྲིགས་པ་དང་བཟའ་ཚང་བྱས་པའི་དོན་ཏེ།
|
| Example
|
ང་མོ་དང་ཁ་ཐུག་ནས་ལོ་གསུམ་སོང་ཡང་ཁ་རྩོད་གཅིག་ཀྱང་ཤོར་མ་མྱོང་ལྟ་བུ།
|
ཁ་ཐུག་ (3)
| Part of speech
|
མིང་ཚིག
|
| Definition
|
གདོང་ཐུག་པའམ་ངོ་འཕྲད་པའི་དོན།
|
| Example
|
སྔོན་མ་ང་ཚོ་ཁ་ཐུག་དུས་ཁོ་ལོ་ན་ཆུང་། སང་ཉིན་ཁ་ཐུག་ན་ངས་བཤད་དགོས་ལྟ་བུ།
|
ཁ་ཐུག་ (4)
| Part of speech
|
མིང་ཚིག
|
| Definition
|
གྲོས་བསྡུར་བྱས་པའི་དོན་ཏེ།
|
| Example
|
ལས་དོན་ཆེད་ང་ཚོ་ཁ་ཐུག་དགོས་ལྟ་བུ།
|
ཁ་ཐུག་ (1)
| Part of speech
|
བསྣན་ཚིག
|
| Definition
|
གློ་བུར་དུ་སྟབས་ཁེལ་བའི་དོན་ཏེ།
|
| Keyword
|
True
|
| Example
|
ཁྱེད་རང་འདིར་ཕེབས་པ་དང་ཁ་ཐུག་ཁེལ་སོང༌ལྟ་བུ།
|
ཁ་ཐུག་ (2)
| Part of speech
|
བསྣན་ཚིག
|
| Definition
|
ལམ་སེང་གི་དོན་ཏེ།
|
| Example
|
ཁ་པར་སླེབས་པ་དང་ང་ཁ་ཐུག་ཡོང་བ་ཡིན། རླངས་འཁོར་བརྡབས་ནས་རྨས་པ་རྣམས་ཁ་ཐུག་སྨན་ཁང་དུ་བསྐྱལ་ལྟ་བུ།
|