2929

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:13, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁ་དོག་ཟིལ་གནོན་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་ནང་གསེས་བཞི་སྟེ། རང་གི་སེམས་རྟེན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ནང་རྣལ་འབྱོར་པ་རང་ཉིད་ཀྱི་ལུས་ལ་གཟུགས་མེད་པའི་འདུ་ཤེས་བཞག་ནས་རང་གི་དམིགས་ཡུལ་གཙོ་བོ་ཕྱི་རོལ་གྱི་ཁ་དོག་སྔོན་པོ་དང་། སེར་པོ། དམར་པོ། དཀར་པོ་རྣམས་ལ་བལྟ་ཞིང་ཁ་དོག་དེ་དག་ལས་སྔོ་བ་དང་། སེར་བ། དམར་བ། དཀར་བ་སྤྲུལ་ཏེ་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་དང༌། ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་གྱུར་པའི་མ་ཆགས་པའི་རང་བཞིན་གྱི་ཟིལ་གནོན་བཞི་སྟེ། མཆིམས་མཛོོད་ལས། གཞན་ཁ་དོག་གི་ཟིལ་གནོན་བཞིའི་ས་དང་ངོ་བོ་ལ་སོགས་པའང་རྣམ་ཐར་གསུམ་པ་སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཁ་དོག་ཟིལ་གནོན་བཞི་

|; |@@@ | | }}