3469
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨེ་བའི་ཀེག་ཕྲན་བཞིའི་ཡ་གྱལ་ཞིག་སྟེ། བརྩི་བྱ་དག་གི་བབས་སྨེ་རྩིས་བྱེད་ལོ་དེར་ཤར་བའི་གནམ་ལོའི་སྨེ་བའི་སྟེང་དུ་འབབ་པའི་སྨེ་ཀེག་ལ་ཟེར་བ་ཡིན། ཀེག་དུས་དེར་མཁར་གསར་ལས་དང་། ཞིག་རལ་དུ་སོང་བ་བསྐྱར་བཟོ། སྒོ་ཀླད་དབུབ་པ་བཅས་ཀྱི་ལས་བྱེད་པར་ངན་པས་སྤང་དགོས་ལ། ནད་ངོ་ཡོད་པས་གསེར་འོད་དང་མདོ་གདུགས་ཀྱི་བཟློག་བསྒྱུར་ཡང་བྱ་དགོས། གལ་སྲིད་སྨེ་ཕྲེང་དང་པོའི་ཤིང་བྱི་གནམ་ལོར་ཤར་དུས་ལ་ཆ་བཞག་ན། བབས་སྨེ་གཅིག་དཀར་སྟེང་དུ་བབས་པའི་བརྩི་བྱ་དག་ལོ་དེ་ཧྲིལ་བོར་ཁང་ཀེག་ཏུ་ཚུད་ནས་ཡོད་པ་ལྟ་བུ་ཡིན། |
| Domain | རྩིས་རིག |