3471

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:21, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁང་ཁྱིམ་ཞིང་སའི་རྩིས་ (1)
Part of speech མིང་ཚིག
Definition རྒྱའི་སྐོར་འགོ་བཅོ་ལྔ་ལས་ལྷ་ཁང་རྒྱ་ཕིབས་ཀྱི་ཁྱུང་མགོའི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་པའི་ཁང་བ་གསར་ལས་སམ། ཁྱིམ་གསར་འཛིན་ནམ། ཞིང་ས་བཅས་ཀྱི་རྩིས་ལ་ཟེར་བ་ཡིན། དེ་ནི་བདག་པོ་ལ་བརྟེན་ནས་བརྩི་དགོས་པས་བརྩི་བྱ་བདག་པོའི་ལོ་རྟགས་ཕོ་ལོ་ཡིན་ན་འབྲུག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མ་ལ་འགྲོ་བ་དེ་དང་། མོ་ལོ་ཡིན་ན་སྦྲུལ་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མ་ལ་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་བདག་པོ་ཕོ་ཡིན་ན་རང་ལོ་དུ་ལོན་གྱིས་གཡས་བསྐོར་དང་། བུད་མེད་ཡིན་ན་རང་ལོ་དུ་ལོན་གཡོན་དུ་བསྐོར་ལ་བགྲངས་ནས་གང་དུ་འབབ་པའི་ལོ་རྟགས་དེ་རྩིས་གཞི་བྱས། དེ་ཡང་རྩིས་གཞི་དེའི་ཡར་གྱི་བཞི་བའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དང་། རྩིས་གཞི་དེའི་མར་གྱི་བཞི་བའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དང་། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དང་། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དང་། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དང་། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དང་། རྩིས་གཞི་དེ་ག་རང་གི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དང་། རྩིས་གཞི་དེ་རང་གི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དང་བརྒྱད་དོ། །དཔེར་ན་བརྩི་བྱ་ས་སྟག་ལོ་པ་ཞིག་ཕོ་ལོ་སོ་ལྔར་སོན་དུས་དེར་རྩིས་འདི་བསྐོར་པར་ཆ་བཞག་ན། ལོ་རྟགས་སྟག་ཕོ་ལོ་དང་དབང་ཁམས་ས་མ་མེ་ཡིན་པས་མེ་འབྲུག་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡས་བསྐོར་ལ་ལོ་གྲངས་སོ་ལྔ་བགྲངས་ན་འབབ་པའི་ལོ་རྟགས་དེ་ལྕགས་སྟག་ཡིན་པས། ལྕགས་སྟག་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་ལྕགས་སྟག་གི་ཡར་གྱི་བཞི་པ་མེ་ཕག་གི་སྲོག་ཁམས་ཆུ་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་བྱང་ནས་གཡུ་བྱ་དངུལ་ལམ་དུ་མ་ཞུགས་པ་ལྟ་བུ་དང་། མར་གྱི་བཞི་པ་ཆུ་སྦྲུལ་གྱི་ལུས་ཁམས་ཆུ་ལ་བརྩི་བྱའི་ལུས་ཁམས་སས་འཐབ་པའི་རྡེའུ་དཀར་བས་དབང་ལྡན་དུ་རྒྱལ་པོའི་ཕོ་བྲང་མ་བཏབ་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་ལྕགས་འབྲུག་གི་དབང་ཁམས་ལྕགས་ལ་བརྩི་བྱའི་དབང་ཁམས་སས་འཐབ་པའི་རྡེའུ་ནག་པས་ཤར་ནས་ལྷ་ཁང་ཁྱུང་མགོས་མནན་པ་ལྟ་བུ། མར་གྱི་བཅུ་གཅིག་པ་ལྕགས་བྱིའི་ཀླུང་ཁམས་ཤིང་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་དཀར་བས་མེ་ནས་བདུད་རླུང་ནག་པོ་མ་ལངས་པ་ལྟ་བུ། ཡར་གྱི་བདུན་པ་ཤིང་སྤྲེལ་གྱི་སྲོག་ཁམས་ལྕགས་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་ནག་པས་ལྷོ་ནས་རི་ལ་གཡང་ཤིང་མ་རྒྱས་པ་ལྟ་བུ། མར་གྱི་བདུན་པ་མེ་སྤྲེལ་གྱི་ལུས་ཁམས་མེ་ལ་བརྩི་བྱའི་ལུས་ཁམས་སས་འཐབ་པའི་རྡེའུ་དཀར་བས་བདེན་བྲལ་ནས་གདགས་སྲིབས་ཀྱི་ཕྱོགས་མ་ལོག་པ་ལྟ་བུ། རྩིས་གཞི་ལྕགས་སྟག་གི་དབང་ཁམས་ལྕགས་ལ་བརྩི་བྱའི་དབང་ཁམས་སས་འཐབ་པའི་རྡེའུ་ནག་པས་ནུབ་ནས་གཤིན་ལམ་ནག་པོ་བྱེ་བ་ལྟ་བུ། ཡང་རྩིས་གཞི་དེ་རང་གི་ཀླུང་ཁམས་ལྕགས་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་རླུང་ནས་ས་སྲིན་གཉའ་ཡན་དར་མཛོད་དུ་ཞུགས་པ་ལྟ་བུ། དེ་བཞིན་དུ་ལོ་ཁམས་ས་སྟག་ཡིན་པའི་བརྩི་བྱ་དེ་བུད་མེད་ཡིན་པར་ཆ་བཞག་ན། སྐོར་འགོ་མེ་འབྲུག་ནས་གཡོན་བསྐོར་ལ་ལོ་གྲངས་སོ་ལྔ་བགྲངས་ནས་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞིར་བཟུང་ཞིང་། རྩིས་གཞི་དེའི་ཡར་བཞི་མར་བཞི་སོགས་ལ་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གོང་མ་ཇི་བཞིན་འཐབ་ནས་བརྟག་དགོས་སོ། །
Domain རྩིས་རིག

{{#arraymap:ཁང་ཁྱིམ་ཞིང་སའི་རྩིས་

|; |@@@ | | }}