From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁམ་བུ་ (1)
| Part of speech
|
མིང་ཚིག
|
| Definition
|
ཤིང་འབྲས་དང་ཤིང་སྨན་གྱི་རིགས་ཤིག་སྟེ། དཔྱིད་དུས་ལོ་མ་མ་འབུས་གོང་མེ་ཏོག་བཞད་ཅིང་། མེ་ཏོག་དམར་སྐྱ་སིལ་ཏོག་སྨིན་ཚེ་ཁ་དོག་དམར་སེར་ཟོས་ན་རོ་མངར་ལ་སྐྱུར་བ་ཡིན། སྡོང་པོའི་ལོ་མ་མི་ལྷུང་བའི་ཤིང་སྡོང་ཞིག་ཡིན་ཞིང་། ཤིང་སྡོང་གི་མཐོ་ཚད་སྨིས་དགུ་ཙམ་ཡོད། ཚི་གུའི་ནང་སྙིང་ལ་མངར་བ་དང་ཁ་བ་རིགས་གཉིས་ཡོད་པའི་མངར་བ་ཟ་ཆོག་ལ་ཁ་བ་སྨན་བྱེད་ཆོག ཤིང་སྡོང་མཁྲེགས་པ་ལོ་མ་རྒྱ་ལྕང་དང་འདྲ། འབྲས་བུ་སྨིན་པའི་རུས་པས་ཕྲེང་བ་འཆོས་ཆོག རོ་མངར་ལ་སྐྱུར། ནུས་པ་སྙོམས། ཚི་གུའི་སྣུམ་གྱིས་སྐྲ་དང༌། སྨ་ར་སྨིན་མ་བཅས་སྐྱེ། བསྲེགས་ཐལ་གྱིས་རྨ་གསོ་བ་སོགས་བྱེད།
|
| Keyword
|
True
|
| Synonyms
|
འབྲས་ཤིང་། སྤུ་སྐྱེད། རྨ་འཇོམས། ཤིང་ཐོག་བཅུད་ལྡན། ཨ་ཤུ།
|
ཁམ་བུ་ (2)
| Part of speech
|
མིང་ཚིག
|
| Definition
|
ཟ་བའི་སྐབས་ཀྱི་ཁམ་ཚད་ཀྱི་མིང་སྟེ།
|
| Example
|
ཟས་ཁམ་བུ་གང་ལ་སེར་སྣ་མ་སྐྱེ་ལྟ་བུ།
|