From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁམས་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྐབས་སུ་མཁོ་བའི་ཁམས་བརྒྱད་དེ། ཕ་ཝང་ལོང་བུ་དང༌། གསེར་རྡོ། དངུལ་རྡོ། ཁབ་ལེན། ཆུ་སྐྱུར་རྡོ། བ་བླ། ལྡོང་རོས། ལྷང་ཚེར་དམར་པོ་བཅས་བརྒྱད་དོ། །
|
| Domain
|
གསོ་རིག
|
ཁམས་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
སྟོན་པ་གཤེན་རབ་མི་བོས་གསུང་བའི་ཁམས་བརྒྱད་དེ། སྲིད་ཁམས། རྒྱུད་ཁམས། སྣང་ཁམས། སྟོང་ཁམས། སོ་སོར་གསལ་ཁམས། རང་རིག་པའི་ཁམས། ཀློང་ཆེན་དབྱིངས་ཀྱི་ཁམས། མཉམ་པ་ཉིད་ཀྱི་ཁམས་བཅས་སོ། །
|
| Domain
|
ཆོས་ལུགས།
|