3705

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:25, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁམས་བརྒྱད་དགུ་མིག་ (1)
Part of speech མིང་ཚིག
Definition དགུ་མིག་ལྔའི་ཡ་གྱལ་རྐྱང་པའི་དགུ་མིག་གི་ནང་གསེས་ཤིག་སྟེ། བརྩི་བྱ་དག་གི་བབས་སྤར་སོ་སོའི་རང་ལོའི་སྲོག་ཁམས་ཀྱི་དགྲ་ཁམས་ཡིན་པའི་སྤར་སྟེང་དུ་འགྲོ་དུས་དེར་ཚུད་པའི་དགུ་མིག་ལ་ཟེར་ཞིང་། ཁམས་བརྒྱད་ནི་མཁའ་རི་རླུང་གསུམ་སར་མ་བསྡུས་པར་རྒྱས་པར་ཕྱེས་པའི་སྤར་ཁམས་བརྒྱད་ཡིན། དེ་ཡང་སྲོག་ཁམས་ཀྱི་དགྲར་འགྲོ་བའི་བབས་སྤར་གྱི་ཁམས་དེ་ཤིང་ཡིན་པའི་ཁམས་བརྒྱད་དགུ་མིག་ལ་ཤིང་གི་དགུ་མིག་ཟེར་ཞིང་། དུས་དེར་གློ་བུར་ཡེ་འདྲོག་འོང་། མེ་ཡིན་པའི་ཁམས་བརྒྱད་དགུ་མིག་ལ་མེ་ཡི་དགུ་མིག་ཟེར་ཞིང་། དུས་དེར་སྐམ་ནད་ཡམས་ནད་འོང་། ས་ཡིན་པའི་ཁམས་བརྒྱད་དགུ་མིག་ལ་ས་ཡི་དགུ་མིག་ཟེར་ཞིང་། དུས་དེར་འཐིབས་ནད་ལྕི་ནད་འོང་། ལྕགས་ཡིན་པའི་ཁམས་བརྒྱད་དགུ་མིག་ལ་ལྕགས་ཀྱི་དགུ་མིག་ཟེར་ཞིང་། དུས་དེར་དམར་དང་གྲི་འོང་། ཆུ་ཡིན་པའི་ཁམས་བརྒྱད་དགུ་མིག་ལ་ཆུའི་དགུ་མིག་ཟེར་ཞིང་། དུས་དེར་ཆུ་ནད་ཆུ་སེར་འོང་། དཔེར་ན་རང་ལོ་རྟའམ་སྦྲུལ་ཡིན་པའི་བརྩི་བྱ་སྐྱེས་པ་དག་ཕོ་ལོ་ཞེ་ལྔར་སོན་དུས་ལ་ཆ་བཞག་ན། ལོ་དེའི་བབས་སྤར་རང་ལོའི་སྲོག་ཁམས་མེ་ཡི་དགྲ་ཆུ་ཁམས་ཡིན་པའི་སྤར་ཁ་ཁམ་གྱི་སྟེང་དུ་འགྲོ་བས། དུས་དེར་ཚུད་པའི་ཕོ་སྐོར་དགུ་མིག་ལ་ཁམས་བརྒྱད་དགུ་མིག་ཟེར་ཞིང་། བབས་པའི་སྤར་ཁམས་ཆུ་ཡིན་པས་ནང་གསེས་ཆུའི་དགུ་མིག་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག