3844
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། ཐུན་མོང་གི་ཕྱག་དང་། ཐུན་མོང་མ་ཡིན་པའི་ཕྱག་དང་། ཁྱད་པར་བླ་མེད་ཀྱི་ཕྱག་གསུམ་གྱི་ཐ་མ་སྟེ། འདིའི་དོན། ཉི་ཟླ་འབར་བའི་སྒྲོན་མ་ལས། ཁྱད་པར་བླ་ན་མེད་པའི་ཕྱག་ནི། བག་ཆགས་ཐམས་ཅད་ཀ་ནས་དག་པས་ཕྱག སྐྱེ་བ་མེད་པར་བཙལ། དངོས་མེད་བློའི་སྤྱོད་ཡུལ་ལས་འདས་པ་སྟེ། དེ་ལས་ཡར་གཤེགས་སུ་དགུང་ལ་ཤུལ་མི་མངའོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |