From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁྱབ་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
སྤྱི་སྟེ། བུམ་པ་དེ་གསེར་བུམ་དང་རྫ་བུམ་སོགས་རང་གི་བྱེ་བྲག་ཐམས་ཅད་ལ་ཁྱབ་བྱེད་དང་། རྟག་པ་ནི་མ་བྱས་པའི་ཁྱབ་བྱེད་དང་། མི་རྟག་པ་ནི་བྱས་པའི་ཁྱབ་བྱེད་ཡིན་པ་ལྟ་བུའོ། །
|
| Domain
|
ཚད་མ།
|
ཁྱབ་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཁྱབ་བྱེད་ཀྱི་མཚན་ཉིད། ཆོས་དེ་ཁྱོད་ལས་ཐ་དད། ཁྱོད་བཀག་ན་ཆོས་དེ་ཁེགས་པ། ཞེས་གསུངས
|
ཁྱབ་བྱེད་ (3)
| Part of speech
|
མིང་ཚིག
|
| Definition
|
རླུང་ལྔའི་ནང་གི་ཁྱབ་བྱེད་ཀྱི་རླུང་གི་བསྡུས་མིང་།
|
| Domain
|
ཆོས་ལུགས།
|
ཁྱབ་བྱེད་ (4)
| Part of speech
|
མིང་ཚིག
|
| Definition
|
བ་རུ་ར་སྟེ། ནུས་པ་བད་མཁྲིས་རླུང་གསུམ་ལ་ཁྱབ་པར་བྱེད་པས་ནའོ། །
|
| Type
|
མངོན་བརྗོད།
|
ཁྱབ་བྱེད་ (5)
| Part of speech
|
མིང་ཚིག
|
| Definition
|
རུ་རྟ་སྟེ། དྲི་ཞིམ་ཁྱབ་པས་ནའོ། །
|
ཁྱབ་བྱེད་ (6)
| Part of speech
|
མིང་ཚིག
|
| Definition
|
མིག་སྟེ། མཐོང་རྒྱ་ཁྱབ་པར་བྱེད་པས་ནའོ། །
|
ཁྱབ་བྱེད་ (7)
| Part of speech
|
མིང་ཚིག
|
| Definition
|
ཉི་མ་སྟེ། འོད་ཟེར་ཕྱོགས་ཀུན་ཁྱབ་པས་ནའོ། །
|