3913
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་རྟགས་དེ་ཡིན་ན་བསལ་བ་དེ་ཡིན་དགོས་པར་རྟོགས་པའི་ཚད་མ་ཞིག སྤྲོས་ན། དགག་གཞི་ཡི་སྟེང་དུ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ན་སྐབས་དེའི་ཕྱི་རྒོལ་དེའི་མངོན་སུམ་ལ་སྣང་དུ་མི་རུང་ཞིང་། དགག་གཞིའི་ཆོས་དེའི་ཁྱབ་བྱེད་དེ་ཡོད་ན་རྒོལ་བ་དེའི་མངོན་སུམ་ལ་སྣང་དུ་རུང་བའི་ཁྱབ་བྱེད་དེ་ཉིད་བཀག་ནས། དེ་དང་དངོས་སུ་འགལ་བ་རྟགས་སུ་བཀོད་པའི་མི་སྣང་བའི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་དེའི་རྟགས་དེ་ཡིན་ན། བསལ་བ་དེ་ཡིན་པའི་ཁྱབ་པ་རྟོགས་པའམ་ངེས་པར་བྱེད་པའི་ཚད་མ་ཞིག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་དང། ཞེས་གསུངས། རྣམ་འགྲེལ་རྩ་བ་ལས། དོན་གྱི་རང་བཞིན་རྟགས་ཅན་ལ། །རང་བཞིན་མི་དམིགས་པ་ཡང་ཡིན། ། |
Domain | ཚད་མ། |
{{#arraymap:ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་
|; |@@@ | | }}