4056

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:30, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྱིམ་དུ་འགྲོ་བའི་སྡེ་ཚན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཉེས་བྱས་སྡེ་ཚན་གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ནི། དགེ་སློང་གིས་འགྲོ་འཆག་སོགས་ཀྱི་སྐབས་སུ་ལེགས་པར་མ་བྱས་པ་ལས་གྱུར་པའི་ཉེས་པ་ཞིག་ལ་ཟེར། དེ་ལ་དབྱེ་ན། ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོག་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་འབྱུང་བ་ལྟར་ཉི་ཤུ་ཡོད་པའི་ཕྱིར་ཏེ། པཎ་ཆེན་འདུལ་བ་ལས། ཁྱིམ་དུ་འགྲོ་བའི་ཚེ་རྐང་ལག་རྐྱོང་བ་སོགས་དྲན་ཤེས་ཀྱིས་མ་བསྡམས་པས་འཇུག་པ་དང་། བླ་གོས་མཐང་གོས་ཚུལ་བཞིན་དུ་མ་བགོས་པ་དང་། ཅ་ཅོའི་སྒྲ་མ་བསྐྱུངས་པ་དང་། མིག་གཡེངས་བག་ཏུ་ལྟ་བ་དང་། གཉའ་ཤིང་གང་ཡན་ལ་ལྟ་ཞིང་ཕྱིན་པ་ལ་ཉེས་བྱས་སྟེ་ལྔ། མགོ་རས་ཀྱིས་གཡོགས་པ་དང་། ཆོས་གོས་རྫེས་ཏེ་འགྲོ་བ་དང་། ཕྲག་པ་གཉིས་ཀར་བཟར་བ་དང་། ལག་པ་གཉིས་མདུན་དུ་གཏད་ནས་གཉའ་གང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཉེས་བྱས་སྟེ་ལྔ་དང་། མཆོང་ཞིང་འགྲོ་བ་དང་། སྒྱིད་པ་རྐྱང་བསྐུམ་བྱེད་ཅིང་འགྲོ་བ་དང་། ཙོག་བུས་འགྲོ་བ་དང་། རྟིང་པ་བཏེགས་ཏེ༌བྲང་བས་འགྲོ་བ་དང་། གྲུ་མོ་གཉིས་སྙུང་པོར་བྱས་ཏེ་འགྲོ་བ་ལ་ཉེས་བྱས་ཏེ་ལྔ། ལུས་བསྒྱུར་ཞིང་འགྲོ་བ་དང་། ལག་པ་སྐྱོགས་ཅིང་འགྲོ་བ་དང་། མགོ་བསྒྱུར་ཞིང་འགྲོ་བ་དང་། གཞན་དང་ཕྲག་པ་གཉིས་སྤྲད་ཅིང་འགྲོ་བ་དང་། གཞན་དང་ལག་པ་སྦྲེལ་ཏེ་འགྲོ་བ་ལ་ཉེས་བྱས་སྟེ་ལྔ་རྣམས་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།