4162
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་མགོར་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། བན་བོན་གཉིས་ཀྱི་བར་ལ་ཆོས་ཀྱི་རྩོད་པ་བྱུང་སྐབས་བོན་ཆོས་ཀྱི་ཁ་འཛིན་དང་། ཤགས་འདེབས་པ་མཛད་དེ། རྩོད་པ་ལས་བོན་ཆོས་ཁུངས་ངན་ཞིང་། གཏན་ཚིགས་ཆུང་བ་དང་། བན་ཆོས་སངས་རྒྱས་ཆོས་ལུགས་ནི། ཁུངས་བཙན་ལ་གཏན་ཚིགས་རྒྱ་ཆེ་བས་ཕྱིན་ཆད་བོན་ཆོས་དོར་ནས། བན་ཆོས་སངས་རྒྱས་ཆོས་ལུགས་བྱའོ་ཞེས་ཁ་འཆམས། རྒྱལ་ཁམས་ཀུན་ལ་དྲིལ་བསྒྲགས། |