4231

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:32, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྱུང་སྡེར་དཀར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་འཁྲི་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། མདོ་དབུས་ས་ཆའི་རྫ་མཐོ་སའི་སྤང་ལྗོངས་སུ་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན། སྡོང་བོ་སྔོ་སྐྱ་ཆེ་ཆུང་ངེས་མེད་སྣ་ཚོགས་ལ་ཡལ་ག་གྱེས་ཤིང་། ལོ་མ་སྔོ་ལྗང་སྒོང་དབྱིབས་ཅན་གྱི་རྩེ་ཅུང་ཟད་རྣོ་ཞིང་མཐའ་མཉམ་པའི་ངར་པ་ཐུང་བ་ཕན་ཚུན་རེ་མོས་སྐྱེ་བའི་གཡས་གཡོན་དུ་ཁྱུང་སྡེར་སྐྱེ་བ་སྟེ། སྐམ་པོ་ཁ་དོག་སྨུག་པོ་ཇ་ཁུའི་མདོག དབྱིབས་སྲོག་ཆགས་ཀྱི་སྡེར་མོ་འམ་ལྕགས་ཀྱུ་འདྲ་བ། འགའ་ཞིག་ལུག་གི་རྭ་ལྟར་འཁྱིལ་བ། ངོ་བོ་ཤིན་ཏུ་ཡང་ཞིང་ཅུང་མཁྲེགས་པས་བཀན་ན་ཆག་དཀའ་བ་ཞིག་སྟེ། མེ་ཏོག་དང་། སྨན་གླིང་སོགས་ཚ་བ་ཆེ་བའི་ནགས་ཁུལ་གྱི་ལུང་ཤུར་དང་། ཆུ་འགྲམ་སོགས་སུ་སྐྱེ་བ་མང་བ། གསར་སྐྱེས་ཡལ་གའི་ལོགས་ཀྱི་བྱ་ཕོའི་སྡེར་མོ་འདྲ་བ་རྣམས་སྟོན་དཔྱིད་གང་རུང་དུ་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བས་དུག་ཚད་སེལ་བར་བྱེད་པ་ཡིན།

{{#arraymap:ཁྱུང་སྡེར་དཀར་པོ་

|; |@@@ | | }}