4558

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:38, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲི་ཆེན་དགེ་འདུན་ཕུན་ཚོགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ་ ༡༦༤༨ ལོར་མདོ་སྨད་རྨ་ཆུའི་འགྲམ་ཏུ་ཡབ་འབུམ་ཕྱུག་དང་། ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པ་ཆུ་སྟག་ཕྱི་ལོ་ ༡༦༦༢ ལོར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་ལ་ཆོས་ཞུགས་གནང་། གཞུང་ཆེན་པོ་ལྔར་གསན་སྦྱོང་མཐར་ཕྱིན་པ་མཛད། སྨད་རྒྱུད་གྲྭ་ཚང་དུ་ཞུགས། རྒྱལ་བ་བློ་བཟང་རྒྱ་མཚོ་དང་། ཁྲི་ཆེན་བློ་གྲོས་རྒྱ་མཚོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། གཙང་པ་ངག་དབང་སྦྱིན་པ། འཇམ་བཞད་རྡོ་རྗེ་ངག་དབང་བརྩོན་འགྲུས་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་ལུགས་ལ་ལེགས་པར་སྦྱངས། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ཕྱི་ལོ་ ༡༧༡༢ ལོར་དགའ་ལྡན་ཁྲིར་ཕེབས། འཆད་མཉན་དང་སྒྲིག་ལམ། རྗེ་བླ་མའི་སྔར་གྱི་དངུལ་གདུང་དེ་གསེར་གདུང་དུ་བསྒྱུར། དེ་ནས་བཟུང་དགའ་ལྡན་གསེར་གདུང་ཆེན་མོ་ཞེས་གྲགས། གདན་ས་ཚལ་གུང་ཐང་ཉམས་རྒུད་ཆེ་བའང་ཕྱི་ནང་(ཚལ་ཡང་དགོན། གུང་ཐང་། ལྷ་ཆེན། འབུམ་ཁང་)ཞིག་གསོས་མཛད། སྐུ་ཚེའི་མཇུག་ཏུ་ཕལ་ཆེར་གདན་ས་གུང་ཐང་དུ་བཞུགས། མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དེ་ནས་བཟུང་ཁྲི་ཆེན་གུང་ཐང་ཚང་ཞེས་གྲགས། རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ཕྱི་ལོ་ ༡༧༢༤ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ལྔ་བཅུ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་མཆོག་སྤྲུལ་པད་དཀར་འཛིན་པ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱུད་སྨད་མཁན་པོ་དགེ་འདུན་ལྷུན་གྲུབ། སྒོ་མང་དཔོན་སློབ་བློ་བཟང་དམ་ཆོས། རྒྱལ་སྲས་སྤྲུལ་སྐུ་ཡེ་ཤེས་གྲགས་པ། གྲུབ་པའི་དབང་ཕྱུག་དོན་ཡོད་དོན་གྲུབ། ཨ་ཀ་བསོད་ནམས་བཟང་པོ། བསེ་ངག་དབང་བཀྲ་ཤིས། སྡེ་པ་བློ་བཟང་དོན་གྲུབ་བཅས། གསུང་རྩོམ་ནི་བཅའ་ཡིག་སོགས་མང་། འདིའི་རྣམ་ཐར་ནི་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི་དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་ལེ་ཚན་ང་པར་ཤོག་གྲངས་དྲུག་ཡོད།