4603

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:39, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲི་ཙེ་དགེ་བཤེས་བརྩོན་འགྲུས་གྲགས་པ་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ་ནི་ཕྱག་རྡོ་ཐང་གི་ཁྲེ་རྩེ་སྡེ་བ་ཡིན། འཁྲུངས་པའི་ལོ་ཚིགས་མི་གསལ། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་སྦྱངས། ཆོ་འཕྲུལ་སྨོན་ལམ་རབ་འབྱམས་པའི་མིང་བཏགས་འཛིན། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་མདུན་ནས་བསྙེན་རྫོགས་བསྒྲུབས། བླ་མ་གཞུང་ལས་པ་ཡང་ལོ་ཁ་ཤས་མཛད། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་ཡོངས་འཛིན་མཛད། རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ་ ༡༨༥༨ ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས། ཆོས་སྲིད་གཉིས་ཀྱི་སྒོ་ནས་འཆད་ཉན་མཛད། འདས་ལོ་མི་གསལ། སྐུ་འབུམ་དུས་འཁོར་དབོན་སློབ་ཀྱི་ཁྲི་རབས་བཅུ་དྲུག་པ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་བཞི་བཅུ་ཐམ་པ་ཡིན།